རྒྱ་ནག་དང་ཧོང་ཀོང་གི་ལས་འགུལ་བའི་བར་གསར་ལམ་བརྒྱུད་རྩོད་གླེང་།


2016.10.27
ཧོང་ཀོང་ནང་རང་བཙན་དོན་གཉེར་བའི་གྲོས་ཚོགས་འཐུས་མི། ༢༠༡༦།༡༠།༢༦ ཧོང་ཀོང་ནང་རང་བཙན་དོན་གཉེར་བའི་གྲོས་ཚོགས་འཐུས་མི། ༢༠༡༦།༡༠།༢༦
Chén pán/RFA

རྒྱ་ནག་གཞུང་གི་དཔོན་རིགས་དང་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གཉིས་བར་ད་བར་བྱུང་མྱོང་མེད་པའི་ཆབ་སྲིད་གནད་དོན་ཐོག་ཡོངས་ཁྱབ་ཀྱི་རྩོད་གླེང་བྱུང་འདུག
དེ་ཡང་ཧོང་ཀོང་མང་གཙོ་དོན་གཉེར་བ་སྐུ་ཞབས་Joshua Wong་དང་Jeffrey Ngo་གཉིས་ཀྱིས་ཧོང་ཀོང་རང་ཐག་རང་གཅོད་སྐོར་གྱི་རྩོམ་ཡིག་སྤེལ་བ་དེར་རྒྱ་ནག་གིས་དགག་ལན་དང་ཡང་དེར་ཕ་རོལ་པོས་ཚུར་ལེན་འདེབས་ཀྱིས་རྩོད་གླེང་ཐེངས་འགའ་ཤས་བྱུང་ཡང་ད་དུང་ལྷིང་འཇགས་བྱུང་མི་འདུག
ཧོང་ཀོང་མང་གཙོ་དོན་གཉེར་བ་གཉིས་ཀྱིས་གསར་འགོད་པར་ཁོང་གཉིས་ཀྱིས་ཧོང་ཀོང་རང་ཐག་རང་གཅོད་སྐོར་གྱི་རྩོམ་ཡིག་སྤེལ་བ་དེར་རྒྱ་ནག་མི་དགའ་བ་དང་ཁོང་ཁྲོ་བྱེད་སྲིད་པ་ཚོད་དཔག་ཐེབས་བྱུང་། འོན་ཀྱང་རྒྱ་ནག་ཕྱོགས་ནས་དགག་ལན་དེ་འདྲ་མགྱོགས་པོ་བྱས་པ་དེ་བསམ་ཡུལ་ལས་འདས་སྐོར་བརྗོད་འདུག
དེ་ཡང་ཧོང་ཀོང་མང་གཙོ་དོན་གཉེར་བ་གཉིས་ཀྱིས་རྩོམ་ཡིག་དེ་ཐོག་མར་ཕྱི་ཟླ་༡༠་ཚེས་༡༤ ཉིན་ཨ་རིའི་གྲགས་ཆེ་བའི་Wall street་གསར་ཤོག་ཐོག་སྤེལ་ནས་ཉིན་༤་ཡི་རྗེས། ཧོང་ཀོང་ཕྱི་སྲིད་ལྷན་ཁང་གི་རྒྱ་ནག་འགོ་ཁྲིད་མི་སྣས་ཧོང་ཀོང་ལ་རང་ཐག་རང་གཅོད་ཟེར་བ་ཞིག་ཡོང་མི་སྲིད་པ་དང་། ཧོང་ཀོང་ནི་ལོ་རྒྱུས་དང་ཁྲིམས་ལུགས་དེ་བཞིན་རིག་གཞུང་གང་གི་ཐོག་ནས་ཀྱང་རྒྱ་ནག་ལ་དབང་བ་རེད་ཅེས་རྒྱ་ནག་གཞུང་འབྲེལ་མེན་པོ་Ming pao་གསར་ཤོག་ཐོག་དགག་ལན་གྱི་རྩོམ་ཡིག་སྤེལ་ཡོད་པ་རེད།   
ཡང་རེས་གཟའ་སྤེན་པ་ཉིན་ཧོང་ཀོང་མང་གཙོ་དོན་གཉེར་བ་གཉིས་ནས་རྒྱ་ནག་ལ་དགག་ལན་ཚུལ་དུ་ཧོང་ཀོང་རང་ཐག་རང་གཅོད་ཀྱི་གནད་དོན་ཐད་ནན་གྱིས་གསལ་བཤད་བྱས་ཡོད་པ་དེར། རེས་གཟའ་ཟླ་བ་ཉིན་རྒྱ་ནག་གིས་སླར་ཡང་མང་གཙོ་དོན་གཉེར་བ་Wong་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་ལོ་རྒྱུས་ལ་རྒྱུས་ལོན་དང་བསམ་ཤེས་བྱེད་དགོས་ཀྱི་འདུག་ཅེས་དགག་ལན་བྱས་བ་དེར་ཧོང་ཀོང་མང་གཙོ་དོན་གཉེར་བ་གཉིས་ནས་Wall street་གསར་ཤོག་ཐོག་བསྐྱར་ཏུ་རྒྱ་ནག་ལ་ལན་འདེབས་ཀྱི་རྩོམ་ཡིག་སྤེལ་རྒྱུ་ཡིན་པ་བརྗོད་ནས་ད་དུང་ལྷིང་འཇགས་ཐུབ་མེད་པ་རེད།
མང་གཙོ་དོན་གཉེར་བ་ཁོང་གཉིས་ཀྱིས་རྒྱ་ནང་དང་རྒྱལ་སྤྱིའི་གསར་ཤོག་ཐོག་རྩོམ་ཡིག་སྤེལ་བ་བརྒྱུད་ནས་གནད་དོན་ཐོག་བགྲོ་གླེང་ཐུབ་པ་ཞིག་ལས་དེ་མིན་ལྡིང་ཆ་གང་དུ་ཡང་དེ་འདྲ་ཡོང་རྒྱུ་ཁག་པོ་ཡིན་པ་བརྗོད་འདུག
རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དེའི་རྩོམ་ཡིག་དང་པོའི་ནང་ཧོང་ཀོང་རྒྱལ་ཁབ་ཞེས་པ་ཞིག་མེད་པར་བརྟེན། ཧོང་ཀོང་རང་ཐག་རང་གཅོད་ཞེས་པའི་རྩོད་གཞི་ཞིག་མེད་ཅེས་བརྗོད་ཡོད་འདུག འོན་ཀྱང་མང་གཙོ་དོན་གཉེར་བ་ཚོས་སྤྱི་ལོ་༡༩༤༩་ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་དུས་ནས་ཧོང་ཀོང་རྒྱ་ནག་གི་ཆ་ཤས་མིན་པ་དང་། ཧོང་ཀོང་སྤྱི་ལོ་༡༨༤༢་ནས་བཟུང་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་མངའ་ཁོངས་ངོ་བོའི་ཐོག་གནས་ཡོད་པ་རེད། དེར་བརྟེན་རྒྱལ་སྤྱིའི་ཁྲིམས་ལུགས་གཞི་བཟུང་བྱས་ན་ཧོང་ཀོང་མི་དམངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཅེས་བརྗོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎