གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུའི་འབོད་སྐུལ།

རྒྱ་ནག་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་དེའི་ནང་སྣེ་ཁྲིད་འགན་འཁུར་ཆེན་པོ་ལེན་དགོས་པའི་འབོད་སྐུལ།

2009.07.24

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་གདོང་ལེན་གནང་བཞིན་པའི་ནང་རྒྱ་ནག་ཕྱོགས་ནས་ལས་དོན་དེའི་ནང་སྣེ་ཁྲིད་འགན་འཁུར་ཆེན་པོ་ལེན་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

དེ་ཡང་སྐུ་ཞབས་སྦན་ཀི་མུན་མཆོག་གིས་དེ་རིང་གསུངས་དོན་ལ་འདི་ལོའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་གྱི་སྒྲོམ་གཞི་གསར་པ་དེ་ལམ་ལྷོང་ཡོང་རྒྱུར་ངེས་པར་དུ་རྒྱ་ནག་ཕྱོགས་ནས་འགན་འཁུར་རྐང་ལེན་དགོས་པ་དང་གལ་ཏེ་རྒྱ་ནག་ཕྱོགས་ནས་འགན་འཁུར་མ་ལེན་པ་ཡིན་ཚེ་ལས་དོན་དེར་གྲུབ་འབྲས་སོན་ཐུབ་རྒྱུ་མིན་པ་གསུངས་ཡོད་ཅིང་གང་ལྟར་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ནང་ཌེན་མཀ་ཀྱི་རྒྱལ་ས་ཁོ་པེན་ཧ་གེན་དུ་ཚོགས་རྒྱིུའ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ལ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་འཚོལ་གྲུབ་གནང་རྒྱུ་དང་ལྷག་པར་དུ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དགཀའ་ངལ་དེ་ནི་གཙོ་བོ་མོ་ཊ་དང་བཟོ་གྲྭའི་དུག་རླངས་ཡིན་པ་ངོས་འཛིན་བྱེད་པ་ལྟར་མོ་ཊའི་དུག་རླངས་མེད་པ་བཟོ་ཐབས་འབད་བརྩོན་གནང་རྒྱུ་ཡིན་པ་རེད། ཡིན་ནའང་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གིས་བར་ལམ་རྒྱ་ནག་ཕྱོགས་ནས་དུག་རླངས་ཉུང་དུ་གཏོང་ཐབས་ལས་དོན་ཡར་རྒྱས་བཏང་སྟེ་རྡོ་སོལ་སོགས་ཀྱིས་ཆུ་ཚ་པོ་བཟོ་མི་དགོས་པར་ཉི་མའི་འོད་ལ་བསྟེན་པའི་ཆུ་དང་གློག་གི་ནུས་ཤུགས་མཁོ་འདོན་བྱེད་ཐབས་དང་རླུང་གི་ནུས་ཤུགས་ཀྱི་ཆ་རྐྱེན་སྐྲུན་ཐུབ་ཏེ་ལམ་ལྷོང་བྱུང་ཡོད་ནའང་ད་དུང་རྒྱ་ནག་ཕྱོགས་ནས་དུག་རླངས་ཆེས་མང་བའི་རྡོ་སོལ་བེད་སྤྱོད་ཤུགས་ཆེན་པོ་གཏོང་བཞིན་པ་དེ་དག་མུ་མཐུད་ཉུང་དུ་གཏོང་ཐབས་འབད་བརྩོན་བྱ་དགོས་པ་དང་ལྷག་པར་དུ་མོ་ཊའི་དུག་རླངས་ཀྱང་ཉུང་དུ་གཏོང་ཐབས་བྱས་པ་བརྒྱུད་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་ནང་ངེས་པར་དུ་སྣེ་ཁྲིད་ཀྱི་འགན་འཁུར་གཙོ་བོ་ལེན་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎