བོད་དོན་བསམ་ཚུལ་བཤད་རྒྱུར་བཀག་འགོག་བྱེད་རྒྱུ་མིན་ལུགས།

ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་པ་ཚོར་ཨོ་ལིམ་པིག་སྐབས་བོད་སོགས་པའི་གནད་དོན་ཐོག་བསམ་ཚུལ་བཤད་རྒྱུར་བཀག་འགོག་བྱེད་རྒྱུ་མིན་ལུགས།

2008.07.30

༄༅༎ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་པ་ཚོར་ཨོ་ལིམ་པིག་རྩེད་འགྲན་སྐབས། བོད་དང༌། འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་གནད་དོན་ཐོག་བསམ་ཚུལ་བཤད་རྒྱུར་བཀག་འགོག་བྱེད་རྒྱུ་མིན་ལུགས་གསུངས་འདུག།

ཉེ་བའི་ཆར་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་སྐྱེད་བྱེད་པའི་སྐབས་རྒྱལ་སྤྱིའི་ནང༌། བོད་ནང་རྒྱ་ནག་གཞུང་ནས་དྲག་གནོན་བྱས་པའི་གནད་དོན་དང༌། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཐོག་སྐྱོན་བརྗོད་ཀྱིས་ངོ་རྒོལ་ཤུགས་ཆེ་བྱས་པ་དང༌། འདྲ་མཚུངས་རྒྱ་ནག་ནང་རིང་མིན་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་སྐབས། འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་གནད་དོན་ཁག་ཅིག་ཐོག་གླེང་སློང་ཡོང་རྒྱུ་ཉག་ཅིག་ཡིན་པར་བརྟེན་རྒྱལ་ཁབ་ཁག་ཅིག་ནས་རང་རང་སོ་སོའི་རྩེད་འགྲན་པ་ཚོར་སྒྲིག་གཞི་གཞིར་བཟུང་ཆབ་སྲིད་དང་རྩེད་འགྲན་གཉིས་མཉམ་བསྲེས་བྱེད་རྒྱུ་མེད་ལུགས་བཀོད་ཁྱབ་བཏང་ཡོད་རེད། ཡང་ཁག་ཅིག་ནས་དམིགས་བསལ་མང་ཚོགས་འདུ་འཛོམས་དང༌། རྩེད་འགྲན་སྐབས་ཆབ་སྲིད་དང༌། མི་རིགས། ཆོས་ལུགས་སོགས་ཀྱི་གནད་དོན་རིགས་གླེང་སློང་དང༌། གཏམ་བཤད། དེ་བཞིན་མཚོན་རྟགས་རིགས་མཉམ་འཁྱེར་བྱེད་ཆོག་གི་མེད་པ་ལས་སོ་སོའི་སྒེར་ངོས་ནས་བསམ་ཚུལ་བཏོན་པར་དམིགས་བསལ་དགག་ཆ་མེད་ལུགས་གསལ་བསྒྲགས་བྱས་ཡོད་རེད།

དེ་རིང་ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་ཚོགས་ཆུང་གི་མགྲིན་ཚབ་པས། ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་པ་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་དང༌། བོད་ཀྱི་གནད་དོན། གཞན་ཡང་བློ་འཚབ་ཡོད་པའི་གནད་དོན་གང་གི་ཐོག་ལའང་བསམ་ཚུལ་བཤད་ཆོག་གི་རེད། ཡིན་ནའང་དེ་དག་མང་ཚོགས་འདུ་འཛོམས་དང༌། ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་ནང་བཤད་ཆོག་གི་མེད་པ་ལྟར་བརྩི་སྲུང་ཞུ་དགོས་ཀྱི་རེད་ཅེས་དཔེ་མཚོན་དུ། བོད་རང་བཙན་ཟེར་བའི་སྟོད་གོས་གྱོན་མི་ཆོག་པ་དང༌། ཚིག་བརྗོད་འདྲ་མིན་འཁོད་པའི་ཕྲེད་དར་འཁྱེར་མི་ཆོག་པ་སོགས་ལ་བརྩི་སྲུང་ཞུ་དགོས་ཀྱི་རེད་ཅེས་གསུངས་འདུག། གང་ལྟར་རྩེད་འགྲན་གྱི་དུས་ཚོད་འདིར་ཆབ་སྲིད་མཉམ་བསྲེས་བྱེད་མི་ཆོག་ཅེས་སྒྲིག་གཞིའི་ནང་གསལ་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎