ཨོ་སེ་ཀྲོ་ལི་ཡའི་སྲིད་བློན་ལ་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ།

ཨོ་སེ་ཀྲེ་ལི་ཡའི་སྲིད་བློན་མཆོག་རྒྱ་ནག་ལ་ཕེབས་པའི་སྐབས་བོད་དོན་གླེང་སློང་གནང་དགོས་པའི་ཞུ་བསྐུལ་གནང་ཡོད་འདུག

2011.04.21

༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ཨོ་སེ་ཀྲེ་ལི་ཡིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Australia Tibet Council)ཉེ་ཆར་སྲིད་བློན་ལྕམ་ཇུ་ལི་ཡ་གི་ལདྲ་མཆོག་རྒྱ་ནག་ལ་འཚམས་འདྲི་གཟིགས་བསྐོར་ཕེབས་པའི་སྐབས་ཞུ་སྙན་ཞིག་ཕུལ་ཡོད་པ་དེའི་ནང་། རྩ་བའི་ཨོ་སེ་ཀྲེ་ལི་ཡ་དང་རྒྱ་ནག་ཡུལ་གཉིས་དབར་ཚོང་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་སྐུ་ཉིད་སྲིད་བློན་གནང་བ་ནས་བཟུང་རྒྱ་ནག་ལ་ཕེབས་པ་ཐོག་མ་ཡིན་དུས་ཡུལ་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལའང་བཀའ་བསྡུར་གནང་རྒྱུ་གལ་ཆེན་པོ་ཞིག་ཡིན་པའི་བརྡ་ལན་གསལ་པོ་སྤྲོད་གནང་དགོས་ཞེས་རྒྱ་ནག་གཞུང་ནས་ཉེ་ཆར་ནས་བཟུང་བོད་དང་རྒྱ་ནག་ནང་གི་རྩོམ་པ་པོ་དང་། སྒྱུ་རྩལ་བ། ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་བཅས་ཀྱི་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ནས་དོ་དམ་བཀག་ཉར་བྱེད་པའི་གནས་ཚུལ་རྣམས་ལུང་གྲངས་གནང་ཡོད་པ་རེད།

ལྷག་པར་དུ་ཞུ་སྙན་དེའི་ནང་། བོད་ནང་རྒྱ་ནག་གཞུང་ནས་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་ལས་དོན་བྱེད་སྒོ་ཁག་གི་ཐོག་དམ་བསྒྲགས་བྱས་དང་བྱེད་བཞིན་ཡོད་པ་མ་ཟད་བོད་མིའི་སྐད་ཡིག་དང་རིག་གཞུང་ཚུན་ཆད་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཛིན་བཞིན་པ་དེ་དག་ཐོག་གླེང་སློང་དང་། ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་དམིགས་ནས་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་འབོད་སྐུལ་གནང་དགོས་ལུགས་ཀྱང་ཞུས་ཡོད་པ་རེད། ཡང་ཞུ་སྙན་དེའི་ནང་། ཉེ་ཆར་ཨོ་སེ་ཀྲེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་བོད་ནང་ཕེབས་པའི་སྙན་ཐོའི་ནང་བཀོད་གནང་ཡོད་པ་ལྟར་བོད་ནང་རྒྱ་རིགས་ཕོན་ཆེ་གཞིས་སྤོས་བྱེད་བཞིན་པ་དེས་བོད་རིགས་དང་རྒྱ་རིགས་གཉིས་དབར་གང་ས་ཅིའི་ཐད་ནས་དབྱེ་འབྱེད་ཀྱི་ཐོབ་ཐང་འདྲ་མཉམ་ཞིག་ཡོང་གི་མེད་པ་དང་། རྒྱ་ནག་གཞུང་ནས་གསལ་བསྒྲགས་བྱེད་བཞིན་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་གཞི་དང་། མཐུན་འགྱུར་རོགས་རམ་རྣམས་བོད་མི་ཚོར་ཁེ་ཕན་དགོས་ངེས་ཤིག་ཐོབ་ཀྱི་མེད་པའི་གཟིགས་ཚུལ་རྣམས་བསྐྱར་བཟློས་ཞུས་ནས་དེ་དག་གི་ཐོག་ལའང་རྒྱ་ནག་གཞུང་གི་དཔོན་རིགས་མཇལ་འཕྲད་གནང་བའི་སྐབས་གླེང་མོལ་གནང་དགོས་ལུགས་ཞུས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎