རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཨོ་སོ་ཀྲོ་ལི་ཡའི་མིའི་སྐོར།

ཨོ་སོ་ཀྲོ་ལི་ཡའི་ལྕགས་རིགས་གཏེར་རྫས་བསྔོག་འདོན་ཁེ་ལས་གྱི་ལས་བྱེད་གློད་བཀྲོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ།

2009.07.13

༄༅༎ཨོ་སོ་ཀྲོ་ལི་ཡའི་གཞུང་གིས་གཟའ་ཟླ་བའི་ཉིན་ཡུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་ཆེན་པོ་བཀའ་འགུག་གིས་རྒྱ་ནག་གཞུང་ནས་ཉིན་ཤས་སྔོན་འཛིན་བཟུང་བྱས་པའི་ཨོ་སོ་ཀྲོ་ལི་ཡའི་ལྕགས་རིགས་གཏེར་རྫས་བསྔོག་འདོན་ཁེ་ལས་རི་ཡོ་ཊིན་ཊོ་ཡི་མཐོ་རིམ་ལས་བྱེད་ཞིག་དང་དེ་མིན་ལས་མི་གསུམ་གྱི་གནད་དོན་དང་ཁོང་ཚོ་འཛིན་བཟུང་བྱེད་དགོས་དོན་གྱི་ཞིབ་ཕྲའི་དཔང་རྟགས་སོགས་གསལ་སྟོན་དགོས་པའི་སྐོར་བསྐྱར་དུ་བཏོན་གནང་ཏེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཨོ་སོ་ཀྲོ་ལི་ཡའི་ལྕགས་རིགས་གཏེར་རྫས་བསྔོག་འདོན་ཁེ་ལས་གྱི་ལས་བྱེད་གློད་བཀྲོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་གོང་ཞུས་ཨོ་སོ་ཀྲོ་ལི་ཡའི་ལྕགས་རིགས་གཏེར་རྫས་བསྔོག་འདོན་ཁེ་ལས་རི་ཡོ་ཊིན་ཊོ་ཡི་མཐོ་རིམ་ལས་བྱེད་འཛིན་བཟུང་བྱེད་ཡས་དེ་བཞིན་ཕྱོགས་གཉིས་དབར་མ་རྐང་ཉོ་ཚོང་གི་རིན་གོང་འཕར་ཆགས་ཐོག་རྒྱ་ནག་གཞུང་ལ་དུས་ཚོད་ཀྱི་ཆ་ནས་ཁེ་ཕན་ཡོད་ཅིང་ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌི་མཆོག་གཟའ་ཟླ་བའི་ཉིན་བཟོ་ལས་ཡར་ཐོན་ཅན་གྱི་ཡུལ་གྲུ་བརྒྱད་ཀྱི་ལྷན་ཚོགས་ནས་ཕྱིར་ཕེབས་གནང་ཡོད་ཀྱང་ཁོང་གིས་ཨོ་སོ་ཀྲོ་ལི་ཡའི་དཔོན་རིགས་ཚོས་པེ་ཅིང་གཞུང་དང་གོང་ཞུས་གནད་དོན་ཐོག་བཀའ་མོལ་གནང་རྒྱུའི་དགོས་འདུན་བཏོན་མིན་ལ་མ་ལྟོས་པར་གཟའ་འཁོར་གཅིག་རིང་སྲིད་བློན་ཀེ་ལྦིན་ར་ཌི་གུང་སེང་དུ་ཕེབས་རྒྱུ་ཡིན་པ་ཁོང་གི་གཞུང་ལས་ཁང་གིས་ཕྱིར་བསྒྲསག་གནང་ཡོད་པ་རེད། ཨོ་སོ་ཀྲོ་ལི་ཡའི་གཞུང་གིས་ཨོ་སོ་ཀྲོ་ལི་ཡའི་ལྕགས་རིགས་གཏེར་རྫས་བསྔོག་འདོན་ཁེ་ལས་ཁང་གི་ལས་བྱེད་འཛིན་བཟུང་བྱས་པ་དེས་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་རྒྱ་ནག་དང་ཚོང་འབྲེལ་བྱ་རྒྱུར་གནོད་སྐྱོན་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་དང་འབྲེལ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་མི་ཚོར་དཔང་རྟགས་གསལ་པོ་གང་ཡང་མེད་པར་འཛིན་བཟུང་བྱས་པ་ཞིག་ཡིན་པར་བརྟེན་ནས་ཁོང་ཚོ་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་རེད། གཟའ་ཟླ་བའི་ཉིན་ཨོ་སོ་ཀྲོ་ལི་ཡའི་ཚགས་ཤོག་སིན་ནིའི་སྔ་དྲོ་ཞེས་པའི་ཐོག་གནས་ཚུལ་འཁོད་དོན་ལྟར་ན་ཨོ་སོ་ཀྲོ་ལི་ཡའི་རི་ཡོ་ཊིན་ཊོ་ཡི་མཐོ་རིམ་ལས་བྱེད་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཐོག་ནས་རྒྱ་ནག་གི་རྒྱལ་སྤྱིའི་དཔལ་འབྱོར་ཉམ་རྒུད་ཀྱི་གནས་སྟངས་རྒྱུན་ལྡན་ཅན་དུ་འགྱུར་རྒྱུའི་ཐབས་ལམ་དེའི་ནང་གཙོ་བོ་སྲིད་གཞུང་གི་གསང་བའི་བདེ་འཇགས་མི་སྣས་ཐེ་ཇུས་བྱེད་ཀྱི་ཡོད་པ་དེ་གསལ་པོ་མཚོན་ཐུབ་པ་ཞིག་ཡིན་པ་དང་ད་རེས་ཀྱི་དོན་རྐྱེན་དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ཡིས་ཐད་ཀར་ཐེ་ཇུས་ཡོད་ལུགས་འཁོད་ཡོད་པ་རེད། ཡིན་ནའི་རྒྱ་ནག་པེ་ཅིང་མཐོ་སློབ་ཁང་གི་རྒྱལ་སྤྱིའི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་ཀྲའ་ཏོག་ཇུང་གིས་གནད་དོན་དེ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་དབར་ཐད་ཀར་འབྲེལ་བ་ཡོད་མི་སྲིད་པའི་དགོངས་ཚུལ་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎