༧གོང་ས་མཆོག་གིས་ཨོསི་ཏྲེ་རི་ལི་ཡའི་མཛད་འཆར་སྐོར།

༸གོང་ས་མཆོག་གིས་ཨོསི་ཏྲེ་རི་ལི་ཡའི་ནང་དེང་དུས་ཀྱི་འཛམ་གླིང་ནང་ཆོས་ལུགས་ཉམས་ལེན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ།

2011.06.20

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོསི་ཏྲེ་རི་ལི་ཡའི་ནང་གི་ཉིན་མཐའ་མའི་མཛད་འཆར་དེ་བཞིན་ཁ་ས་ནུབ་ཕྱོགས་ཨོསི་ཏྲེ་རི་ལི་ཡའི་རྒྱལ་ས་པཐ་ནང་མང་ཚོགས་༡༤༥༠༠ཙམ་ལ་དེང་དུས་ཀྱི་འཛམ་གླིང་ནང་ཆོས་ལུགས་ཉམ་ལེན། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་དེ་མཇུག་སྒྲིལ་གནང་འདུག།

༧གོང་ས་མཆོག་གིས་ དུས་རབ་༢༠དང་༢༡གི་འདས་པའི་ལོ་ངོ་བཅུ་ཕྲག་ཅིག་ནང་འཛམ་གླིང་ཁྱོན་ཡོངས་ལ་ཕྱི་དངོས་པོའི་ཡར་རྒྱས་ཕུན་སུམ་ཚོགས་པ་ཕྱིན་ཡོད་པ་ལྟར། ད་ལྟའི་ཆར་འཛམ་གླིང་ནང་ཆོས་ཉམས་ལེན་བྱེད་མིན་ལ་མ་ལྟོས་པར་ཚང་མས་ནང་སེམས་ཀྱི་བདེ་སྐྱིད་གོང་འཕེལ་གཏོང་རྒྱུའི་དུས་ལ་བབས་ཡོད་སྐོར་བཀའ་གནང་སྟེ། མིའི་གཤིས་རྒྱུད་བཟང་དུ་འགྲོ་བའི་བྱམས་བརྩེ་དང་སྙིང་རྗེ་སོགས་བཟང་པོའི་ཡོན་ཏན་རང་རྒྱུད་ལ་འཇགས་ཐབས་བྱེད་དགོས་གལ་ཆེ་ཡིན་སྐོར་བཀའ་གནང་འདུག།

མང་ཚོགས་ལ་བཀའ་སློབ་དབུ་འཛུགས་མ་གནང་གོང༌། མཛད་སྒོའི་ཐོག་མར་ཁུལ་དེའི་གདོད་མའི་མི་རིགས་ཤིག་གིས་༧གོང་ས་མཆོག་ལ་གུས་བསུའི་སྣེ་ལེན་ཞུས་ཡོད་པ་དང༌། ༧གོང་ས་མཆོག་གིས་གདོད་མའི་མི་རིགས་ཚོར་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་བྱས་པ་དང་ཆབས་ཅིག་དེང་དུས་ཀྱི་ཤེས་ཡོན་ལ་སྦྱང་བརྩོན་ངེས་པར་དུ་བྱ་དགོས་རྒྱུའི་བཀའ་སློབ་གནང་བཞག།

དེ་ནས་ཉིན་གུང་ལྗགས་སྨིན་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དང་ཚོང་ལས་ཀྱི་འབྲེལ་བ་ཤུགས་ཆེ་ཡོད་པའི་ ནུབ་ཨོསི་ཏྲེ་རི་ལི་ཡའི་ཁུལ་གྱི་ཚོང་པའི་འགོ་ཁྲིད་ཚོ་དང་ལྷན་མཇལ་གནང་ཡོད་པ་དང༌། དེ་རྗེས་ཁུལ་དེའི་ནང་གི་བོད་པ་དང་སོག་པོ། འབྲུག་པ་བཅས་ལ་མཇལ་ཁ་བཀའ་སློབ་སྩལ་གནང་མཛད་འདུག།

ཁ་ས་༧གོང་ས་མཆོག་གི་ཨོསི་ཏྲེ་རི་ལི་ཡའི་ནང་གི་ཉིན་མཐའ་མའི་མཛད་འཆར་གྱི་མཇུག་བསྡོམས་སུ་ ཡུལ་དེའི་གཞས་པ་གྲགས་ཅན་ཁག་ཅིག་གིས་ ༧གོང་ས་མཆོག་ལ་བསྟོད་པའི་གླུ་དབྱངས་ཞེས་པའི་རོལ་དབྱངས་འདུ་འཛོམས་ཤིག་གནང་ཡོད་པའི་སར། ༧གོང་ས་མཆོག་སྐུ་ཁྱུག་ཙམ་ཆིབས་བསྒྱུར་གྱིས་ རོལ་དབྱངས་ཀྱི་ལམ་ནས་ཞི་བདེ་དང་བྱམས་སྙིང་རྗེའི་བསླབ་བྱ་ཁྱབ་སྤེལ་གཏོང་དགོས་པའི་སྐོར་བཀའ་གནང་འདུག། ༧གོང་ས་མཆོག་གིས་ཨོསི་ཏྲེ་རི་ལི་ཡའི་ནང་ཉིན་གྲངས་༡༡རིང་གི་མཛད་འཆར་ལེགས་པར་གྲུབ་སྟེ། ཁུལ་དེ་ནས་ད་རང་སྔ་དྲོ་རྒྱ་གར་ཕྱོགས་སུ་ཆིབས་ཁ་བསྒྱུར་གནང་མཛད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎