འབར་མའི་དམངས་གཙོ་ཚོཌ་པ་དང་ཡ་བྲལ་ཚོཌ་པའི་ཚོགས་འདུ།
2010.12.30
༄༅༎འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་གིས་ཁོང་གིས་འདས་པའི་མི་ལོ་བཅུ་ཕྲག་གཉིས་ལྷག་རིང་འགོ་འདྲེན་གཙོ་སྐྱོང་གནང་བའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ནས་ཡ་བྲལ་འགྲོ་མཁན་ཕྱོགས་འགལ་ཅན་གྱི་ཚོགས་པའི་འགོ་ཁྲིད་ཚོད་དང་མཉམ་དུ་དེ་རིང་ཆུ་ཚོད་གཅིག་ཙམ་རིང་ཚོགས་འདུ་ཞིག་འཚོགས་གནང་ཡོད་པ་རེད།
ཚོགས་འདུ་དེར་ངོ་བཅར་ཞུ་མཁན་ཁོངས་ནས་རྒྱལ་ཡོངས་དམངས་གཙོའི་ནུས་ཤུགས་ཚོགས་པའི་འགོ་ཁྲིད་ཀིན་མོང་སེལྦེ་ཞུ་བས་གསུངས་ན་ ཚོགས་འདུ་དེ་ནི་ཚོགས་མི་སྒེར་གྱི་ཚོགས་འདུ་ཞིག་ཡིན་པ་དང་ དེའི་སྐབས་ཆབ་སྲིད་ཀྱི་གནད་དོན་སྐོར་གཏམ་གླེང་གང་ཡང་གནང་མེད་ ཡིན་ནའང་ང་ཚོས་ཚོགས་འདུ་ཡང་བསྐྱར་འཚོགས་ཀྱི་ཡིན་ཞེས་གསར་འགོད་པར་ཚོགས་འདུ་གྲོལ་བའི་རྗེས་སུ་བཤད་ཡོད་པ་རེད་ འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་གིས་དབུ་ཁྲིད་པའི་ཚོགས་པ་ནས་ཡ་བྲལ་ཕྱིན་པའི་རྒྱལ་ཡོངས་དམངས་གཙོའི་ནུས་ཤུགས་ཚོགས་པས་འོས་བསྡུའི་ནང་མཉམ་ཞུགས་མ་བྱས་པ་ལས་མཉམ་ཞུགས་བྱས་པ་ཙམ་གྱིས་ཁེ་ཕན་ཕྲན་བུ་ཐོབ་སྲིད་པའི་རེ་བ་དང་ཚོད་དཔགས་བྱས་པ་གཞིར་བཟུང་འོས་བསྡུའི་ནང་མཉམ་ཞུགས་བྱས་པའི་འབྲས་བུར་འོས་བསྡུ་དེ་བཞིན་དྲང་བདེན་ཅན་ཞིག་བྱུང་མིན་ལ་མི་ལྟོས་པར་ཚོགས་པ་དེར་གྲོས་ཚོགས་ནང་རྐུབ་སྟེགས་༡༦ཐོབ་ཡོད་པ་རེད།