ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་སྒྲིག་འཛུགས་སྐོར།

ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ཡོ་རོབ་མཉམ་སྦྲེལ་ལྟ་བུའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་དེར་བློ་འཚབ་ཡོད་འདུག

2009.10.26

༄༅༎ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ཡོ་རོབ་མཉམ་སྦྲེལ་ལྟ་བུའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་དེར་ཨ་མི་རི་ཀ་དང་རྒྱ་ནག ཉི་ཧོང་ བཅས་ཀྱིས་བློ་འཚབ་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཐའེ་ལེན་ཌི་ནང་འདས་པའི་ཉིན་གསུམ་རིང་ལྷོ་ཤར་ཨེ་ཤེ་ཡའི་ཚོགས་ཆེན་སྐབས་སླད་ཕྱིན་ཆད་ནས་ཨེ་ཤེ་ཡའི་ནུས་སྟོབས་གོང་འཕེལ་ཡོང་བའི་ཆེད་དུ་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ཀྱང་རིང་མིན་ཡོ་རོབ་མཉམ་སྦྲེལ་ལྟ་བུའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་ཐབས་གནང་རྒྱུའི་གྲོས་མོལ་བྱུང་ཡོད་འདུག ཚོགས་ཞུགས་རྒྱལ་ཁབ་བཅུ་དྲུག་གི་ཚོགས་ཆེན་ཐོག་ཨ་མི་རི་ཀ་དང་རྒྱ་ནག ཉི་ཧོང་ ཨོ་སེ་ཀྲོ་ལི་ཡ་ ནིའུ་ཛི་ལེན་ཌི་བཅས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། ཡོ་རོབ་མཉམ་སྦྲེལ་ལྟ་བུའི་མཉམ་སྦྲེལ་བཟོ་རྒྱུའི་འཆར་སྣང་ཨོ་སེ་ཀྲོ་ལི་ཡ་དང་ཉི་ཧོང་གིས་དགོངས་ཚུལ་མི་འདྲ་བ་སྟོན་གནང་ཡོད་འདུག ཉི་ཧོང་གི་སྲིད་བློན་ཡུ་ཀིའོ་ཧ་ཏོ་ཡ་མ་མཆོག་གིས་ཤར་ཨེ་ཤེ་ཡའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་ཀྱི་འཆར་གཞི་ཞིག་སྟོན་གནང་འདུག ཡང་ཨོ་སེ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་རཌི་མཆོག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་སྒྲིག་འཛུགས་ཤིག་ཕྱི་ལོ་ཉིས་སྟོང་ཉི་ཤུ་ནང་ཚུད་གསར་འཛུགས་གནང་རྒྱུའི་འཆར་གཞི་སྟོན་ཡོད་འདུག དེ་འདྲའི་སྒྲིག་འཛུགས་ནང་ཨ་མི་རི་ཀ་དང་རྒྱ་ནག་གཉིས་བཅུག་མིན་གྱི་གནས་ཚུལ་དེ་རྩོད་གཞིའི་རང་བཞིན་དུ་གྱུར་ཡོད་འདུག ཁ་ཤས་ཀྱིས་རྒྱ་ནག་གི་གནོན་ཤུགས་ལ་འགྲན་རྩོད་ཆེད་ཨ་མི་རི་ཀ་ངེས་པར་དུ་མཉམ་ཞུགས་དགོས་རྒྱུ་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད་འདུག ཁག་ཅིག་གིས་ཨ་མི་རི་ཀ་མཉམ་ཞུགས་བྱེད་རྒྱུར་འདོད་པ་བྱེད་ཀྱི་མེད་པ་རེད། ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ཆིག་སྒྲིལ་གྱི་ནུས་པ་སྟོན་རྒྱུར་མོས་མཐུན་ཡོད་པ་དངོས་འབྲེལ་ཡང་དེ་འདྲའི་མཉམ་སྦྲེལ་དངོས་སུ་གང་མགྱོགས་འཛུགས་ཐུབ་མིན་ཐེ་ཚོམ་གྱི་རང་བཞིན་ཆགས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎