རྒྱ་ནག་དང་ཨ་རི་བར་གྱི་དམག་དོན་འབྲེལ་ལམ།

རྒྱ་ནག་ངོས་ནས་ཨ་རི་དང་དམག་དོན་འབྲེལ་ལམ་གནས་སྐབས་མཚམས་འཇོག་བྱས་པ་དེ་ནི་རྒྱུ་མཚན་མེད་པ་ཞིག་ཡིན་པ་གསུངས་འདུག

2010.06.05

༄༅༎གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་བདེ་སྲུང་བློན་ཆེན་རོའོ་སྦ་ཀྲི་གེཏ་སི་ཡིས་ ཨ་མི་རི་ཀས་ཐེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱས་པའི་རྐྱེན་གྱིས་རྒྱ་ནག་གི་ངོས་ནས་ཨ་མི་རི་ཀ་དང་དམག་དོན་འབྲེལ་ལམ་གནས་སྐབས་མཚམས་འཇོག་བྱས་པ་དེ་ནི་རྒྱུ་མཚན་མེད་པ་ཞིག་ཡིན་པ་གསུངས་འདུག།

ཨ་རིའི་བདེ་སྲུང་བློན་ཆེན་གྱིས་སིང་ག་པུར་རུ་ཚུགས་བཞིན་པའི་བདེ་སྲུང་གི་ཚོགས་འདུ་ཞིག་གི་སྐབས་ ཨ་མི་རི་ཀ་དང་རྒྱ་ནག་དབར་དམག་དོན་གྱི་འབྲེལ་ལམ་བཟང་དུ་གཏོང་དགོས་གལ་ཆེ་བའི་སྐོར་གསུངས་པ་དང་སྦྲགས་ རྒྱ་ནག་གི་ངོས་ནས་གོ་མཚོན་ཚོང་བསྒྱུར་གྱི་གནད་དོན་འདི་གྲོས་མོལ་འབྲེལ་ལམ་གྱི་ཐོག་འགོག་རྐྱེན་བཟོ་རྒྱུ་མེད་སྐོར་ཡང་གསུངས་ཡོད་པ་རེད།

ད་དུང་ཨ་མི་རི་ཀའི་བདེ་སྲུང་བློན་ཆེན་གྱིས་ཨ་མི་རི་ཀས་ཐེ་ལྦན་ལ་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་གོ་མཚོན་ཚོང་བསྒྱུར་བྱེད་བཞིན་ཡོད་ཀྱང་ ཨ་མི་རི་ཀས་ཐེ་ལྦན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་ལངས་ཕྱོགས་ཀྱང་གསལ་བཤད་གནང་ཡོད་པ་རེད་ འོན་ཀྱང་ཚོགས་འདུ་དེའི་ཐོག་ཡོད་པའི་རྒྱ་ནག་གི་སྐུ་ཚབ་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་སྤྱི་ཁྱབ་དམག་སྤྱི་གཞོན་པ་མའ་ཤའོ་ཐན་གྱིས་ ང་ཚོས་ཨ་མི་རི་ཀས་ཐེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་བཞིན་པ་དེ་སྤྱིར་བཏང་གི་གནས་ཚུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་ཅེས་དང་ ཨ་མི་རི་ཀས་ཐེ་ལྦན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ལུགས་བརྗོད་ཀྱི་ཡོད་པ་རེད་ ང་ཚོས་དེ་ནི་ཁ་ཙམ་མིན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ལན་འདེབས་བྱས་ཡོད་པ་རེད།

སྔོན་འཆར་ལྟར་ན་ཨ་མི་རི་ཀའི་བདེ་སྲུང་བློན་ཆེན་གཟའ་ཕུར་བུའི་ཉིན་རྒྱ་ནག་ཏུ་འཚམས་གཟིགས་གནང་རྒྱུ་ཡིན་ན་ཡང་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་བདེ་སྲུང་བློན་ཆེན་ལ་སྣང་ཆུང་ཁྱད་བསོས་ཞུས་སྟབས་ ཁོང་རྒྱ་ནག་ཏུ་ཕེབས་རྒྱུའི་མཛད་འཆར་ཕྱིར་བསྡུ་གནང་ཡོད་པར་མ་ཟད་སིང་ག་པུར་རུ་རྒྱ་ནག་གི་དམག་དོན་སྐུ་ཚབ་ཚོ་དང་ཡང་མཇལ་འཕྲད་གནང་མེད་པ་རེད།

ཨ་རིའི་བདེ་སྲུང་བློན་ཆེན་གྱིས་ རྒྱ་ནག་གི་ཆབ་སྲིད་དཔོན་རིགས་དང་དམག་དོན་དཔོན་རིགས་དབར་ ཨ་མི་རི་ཀ་དང་འབྲེལ་ལམ་བྱ་ཕྱོགས་ཐད་བསམ་ཚུལ་མི་མཐུན་པ་ཡོད་སྲིད་པའི་དགོངས་ཚུལ་གསུངས་པ་དང་ རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་ངོས་ནས་ཨ་མི་རི་ཀ་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་དེ་ཙམ་གྱི་དོན་གཉེར་བྱེད་ཀྱི་མེད་ལུགས་གསུངས་ཡོད་པ་རེད། ད་དུང་ཁོང་གིས་ཨ་མི་རི་ཀ་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དམག་སྟོབས་ཆེ་ཤོས་དེ་ཡིན་ལ་མུ་འཐུད་དེ་དོན་གནས་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎