ཁེ་ཎ་ཌའི་གྲོས་ཚོགས་ནང་༸གོང་ས་མཆོག་ལ་བཀྲིན་ཆེ་ཞུའི་གཏམ་བཤད།

2021.12.11
ཁེ་ཎ་ཌའི་གྲོས་ཚོགས་ནང་༸གོང་ས་མཆོག་ལ་བཀྲིན་ཆེ་ཞུའི་གཏམ་བཤད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཨོ་རྒྱན།

འདི་ཟླའི་ཚེས་བཅུ་དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༢ འཁོར་བ་དང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་དུས་དྲན་གཉིས་འཛོམས་སྐབས་དེར་ཁེ་ཎ་ཌའི་ནང་བོད་མི་མང་ཤོས་གནད་སྡོད་གནང་ས་པག་སྒྲེལ་དང་ཧེཡེ་པག་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Arif Viraniནས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ལྦར་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་སྤྱི་ཡི་དོན་དུ་ཕྱག་ལས་གནང་བར་བཀའ་དྲིན་ཆེ་ཞུའི་གསུང་བཤད་གནང་བ་འཐུས་མི་ཁོང་གི་སྤྱི་ཚོགས་དྲ་རྒྱའི་ནང་བཏོན་འདུག

དེ་ཡང་ཁོང་གི་གསུང་བཤད་ནང་། ཕྱི་ལོ་༡༩༨༩ ལོར་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ད་ཆ་མི་ལོ་༣༢འཁོར་བའི་དུས་དྲན་ཉིན་མོ་ཡིན་པ་དང་ཆབས་ཅིག་༸གོང་ས་མཆོག་ནི་ཁེ་ཎ་ཌའི་ཆེ་བསྟོད་མི་སེར། འཛམ་གླིང་ཞི་བདེའི་དེད་དཔོན། བོད་མི་ས་ཡ་དྲུག་གི་༸མགོན་སྐྱབས་ཡིན་པ་སོགས་ཁེ་ཎ་ཌའི་རྒྱལ་ཡོངས་གྲོས་ཚོགས་ནང་དུ་ངོ་སྤྲོད་གནང་འདུག

ཕྱི་ལོ་༢༠༡༨ ལོར་འཐུས་མི་ཁོང་མགོན་པོ་མཆོག་མཇལ་ཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་མགོན་པོ་གང་ཉིད་ནས་བཀའ་སློབ་ནང་འཛམ་གླིང་གི་དབུ་ཁྲིད་རྣམས་ལ་བོད་ཀྱི་གནད་དོན་བརྗེད་རྒྱུ་མེད་པའི་འབོད་སྐུལ་གནང་དགོས་སྐོར་དང་དེ་བཞིན་བོད་ཀྱི་རིག་གཞུང་སྐད་ཡིག་དང་ཆོས་དད་རང་དབང་བཅས་ལ་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་ཁོང་ནས་མུ་མཐུད་བོད་མིའི་འཐབ་རྩོད་དང་། དབུ་མའི་ལམ་གྱི་འོག་བོད་རྒྱ་གཉིས་དབར་ཞི་མོལ་གནང་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་ཡོད་པ་སོགས་ཀྱི་གཏམ་བཤད་གནང་འདུག་ལ་དབུ་མའི་ལམ་གྱི་འོག་བོད་མི་རྣམས་མིང་དོན་མཚུངས་པའི་རང་སྐྱོང་འོག་བོད་རྒྱ་གཉིས་འདྲ་མཉམ་དང་མཉམ་ལས་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་བཞག

དེ་མིན་འཐུས་མི་ཁོང་ནས་༧གོང་ས་མཆོག་གི་བོད་མི་ཙམ་མ་ཡིན་པར་འགྲོ་བ་སྤྱི་ཡི་ཆེད་དུ་འཛམ་གླིང་ཞི་བདེ་ཡོང་རྒྱུར་ཕྱག་ལས་རླབས་ཆེན་གནང་བ་བཅས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་པ་བཅས་ཀྱི་སྐར་མ་གཅིག་ལྷག་གི་གཏམ་བཤད་འཐུས་མི་ཁོང་གི་སྤྱི་ཚོགས་དྲ་རྒྱའི་ནང་བཏོན་འདུག

ཁེ་ཎ་ཌའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་Arif Virani ནི་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་བོད་ཀྱི་གྲོགས་པོ་ཚོགས་པའི་འགན་འཛིན་ཡིན་པ་མ་ཟད་ཁེ་ཎ་ཌའི་གཞུང་ནང་བོད་དོན་དང་འབྲེལ་བའི་ཐོག་བོད་ཀྱི་གྲོགས་པོ་ཚོགས་པར་རྒྱབ་སྐྱོར་གནང་མུས་ཡིན་པ་རེད།

གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎