རྒྱ་གར་དུ་ལྐོག་ཟ་རུལ་སུངས་ལ་ཟས་བཅད་ངོ་རྒོལ།

རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གནང་མཁན་ཨ་ན་ཧ་ཛ་རེ་མཆོག་གིས་ཉིན་གྲངས་༡༥་རིང་ཟས་བཅད་ངོ་རྒོལ་གནང་འཆར།

2011.08.18

༄༅༎རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་སེལ་ཐབས་སུ་ཟས་བཅད་ངོ་རྒོལ་གནང་མཁན་མེས་པོ་ཆེན་པོ་གེན་རྡིའི་རྗེས་འཇུག་པ་ཨ་ན་ཧ་ཛ་རེ་མཆོག་གིས་ཏི་ཧའར་བཙོན་ཁང་ནས་ཐོན་ཏེ་སང་ཉིན་ནས་བཟུང་ཉིན་གྲངས་༡༥་རིང་ཟས་བཅད་ངོ་རྒོལ་གནང་འཆར་འདུག  རྒྱལ་ས་ལྡི་ལིའི་ཉེན་རྟོག་མི་སྣའི་ཆོག་མཆན་མེད་པར་ཨ་ན་ཧ་ཛ་རེ་མཆོག་གིས་རེས་གཟའ་མིག་དམར་ཉིན་ལྡི་ལི་གསར་པའི་ཇའེ་པར་ཀའཤ་ན་རཨིན་ཞེས་པའི་སྤྱི་གླིང་ཆེན་མོའི་ནང་མ་ཤི་བར་ཟས་བཅད་ངོ་རྒོལ་དབུ་འཛུཌ་གནང་སྐབས་ཁོང་འཛིན་བཟུང་གིས་ཏི་ཧའར་བཙོན་ཁང་ནང་བཙོན་འཇུག་ཞུས་པར་རྒྱལ་ས་ལྡི་ལི་གཙོས་པའི་རྒྱ་གར་རྒྱལ་ཡོངས་ནང་མི་མང་སྟོང་ཚོ་མང་པོས་གཞུང་ལ་ངོ་རྒོལ་སྐད་འབོད་དང་ཁོང་ལ་རྒྱབ་སྐྱོར་ཤུཌ་ཆེ་ཞུས་སྟབས་ ཁོང་བཙོན་ནས་གློད་བཀྲོལ་གཏོང་རྒྱུའི་ཐག་གཅོད་གནང་ཡང་ ཁོང་གིས་བཙོན་ཁང་ནས་མ་ཐོན་པར་ཞུཌ་པ་རེད་ ཡིན་ནའི་ད་ཆ་གཞུང་དང་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོའི་བར་གྲོས་མཐུན་བྱུང་སྟབས་ ཁོང་ཏི་ཧའར་བཙོན་ཁང་ནས་ཐོན་རྒྱུ་ཡིན་འདུག་ལ་ སང་ཉིན་གཟའ་པ་སངས་ཉིན་ནས་བཟུང་ཉིན་གྲངས་༡༥་རིང་རམ་ལི་ལ་ཞེས་པའི་ཐང་ཆེན་ནང་ཟས་བཅད་ངོ་རྒོལ་གནང་འཆར་འདུག་ ཁོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོའི་མགྲིན་ཚབ་ལྕམ་ཨ་སི་ལྦ་ཐི་མུར་ལི་རྡ་རན་ཡིས་ལྡི་ལིའི་ཉེན་རྟོག་པ་ཚོས་ཨ་ན་ཧ་ཛ་རེ་ཡིས་ཉིན་གྲངས་༧་རིང་མ་གཏོཌ་ཟས་བཅད་ངོ་རྒོལ་བྱ་རྒྱུའི་ཆོག་མཆན་མ་སྤྲད་ཀྱང་ ཁོང་གིས་ཟླ་བ་གཅིག་རིང་ཟས་བཅད་ངོ་རྒོལ་གནང་འདོད་ཡོད་སྟབས་ གྲོས་མོལ་མང་པོ་གནང་བའི་མཐའ་མར་ཁོང་ནས་ཉིན་གྲངས་༡༥་རིང་ཟང་བཅད་ངོ་རྒོལ་གནང་རྒྱུའི་ཐག་གཅོད་བྱུང་པ་རེད་ལ་ ད་ཆ་ཁོང་གི་ལྷན་དུ་ཟས་བཅད་ངོ་རྒོལ་གནང་མཁན་མི་གྲངས་ལ་ཡང་ཚད་བཀག་མ་བཟོས་པའི་གནས་སྟངས་དེ་དག་ལ་བརྟེན་ནས་ཁོང་བཙོན་ནས་ཐོན་རྒྱུའི་ཞལ་བཞེས་གནང་ལུཌ་ད་རིང་ཕ་རན་སིའི་གསར་ལས་ཁང་ལ་གསུངས་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎