བོད་ནང་མུ་མཐུད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

བོད་ནང་ད་དུང་ཡང་མུ་མཐུད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རེས་གཟའ་ཕུར་བུའི་ཉིན་གསལ་སྟོན་གནང་བཞག

2008.06.19

༄༅༎བོད་ནང་ད་དུང་ཡང་མུ་མཐུད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་དེ་རིང་རེས་གཟའ་ཕུར་བུའི་ཉིན་གསལ་སྟོན་གནང་བཞག

འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ས་ཡོངས་སུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་ནས་བོད་མི་ཆིག་སྟོང་ལྷག་ཙམ་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་ད་དུང་ཡང་ནག་ཉེས་ཇི་ཡིན་ཐག་གཅོད་མ་བྱས་པར་མུ་མཐུད་འཛིོན་བཟུང་བཀག་ཉར་བྱེད་བཞིན་ཡོད་པ་རེད་ཅེས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་དེ་རིང་རེས་གཟའ་ཕུར་བུའི་ཉིན་བཏོན་གནང་བའི་སྙན་ཐོའི་ནང་བཀོད་གནང་འདུག

ཡང་སྙན་ཐོ་དེའི་ནང་མུ་མཐུད་འཁོར་པར་ལྟར་ན་ གོང་ཞུས་འཛིན་བཟུང་བྱས་པའི་བོད་མི་ཁག་ལ་ཁྲིམས་རྩོད་པ་དང་ནང་མིས་ཞུ་གཏུགས་གནང་ཡང་རྒྱ་ནག་གཞུང་ཕྱོགས་ནས་དངས་ལེན་བྱེད་ཀྱི་མེད་པ་རེད་ཅེས་བཀོད་འདུག

ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་ཡོད་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་འགན་འཛིན་སཱེམ་ཛ་རི་ཕཱི་ཡིས་ རྒྱ་ནག་གཞུང་གིས་བོད་མི་མང་པོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་ཁོང་ཚོའི་ནག་ཉེས་ཁག་གསལ་སྟོན་མ་བྱས་པར་གང་བྱུང་གིས་བཙོན་འཇུག་བྱས་པ་རེད་ཅེས་དང་བོད་མི་དེ་རྣམས་ལ་ཁྲིམས་ཐོག་ནས་ཉེས་པ་བཅད་པ་ཡིན་ནའི་རེད་ཡང་ན་མགྱོགས་མྱུར་གློད་བཀྲོལ་བྱེད་དགོས་ཀྱི་རེད་ཅེས་ཁོང་གིས་ཞལ་པར་བརྒྱུད་རོའུ་ཀྲར་གསར་འགྱུར་ལས་ཁང་དུ་གསལ་སྟོན་གནང་བཞག

དེ་བཞིན་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་དབྱང་ཡུས་ལ་གསར་འགྱུར་བརྒྱུད་ལམ་ཁག་ནས་བཅའ་འདྲི་བྱས་པའི་སྐབས་ཁོ་མོས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྟོན་པའི་སྙན་ཐོ་མཐོང་མ་བྱུང་ཡིན་ནའི་ང་ཚོས་གསལ་པོ་ཤེས་ཡས་ལ་གོང་ཞུས་ཚོགས་པ་དེ་ག་དུས་ཡིན་ནའང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཕྱོགས་རིས་ཡོད་པའི་ཚོགས་པ་ཞིག་ཡིན་པ་དང་ཚོགས་པ་དེས་ག་དུས་ཡིན་ནའང་རྒྱ་ནག་གཞུང་ལ་རྒོལ་རྡུང་གཏོང་རྒྱུའི་འགན་སྲུང་མེད་པའི་སྙན་ཐོ་ཤ་སྟགས་འགྲེམས་སྤེལ་བྱེད་ཀྱི་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལན་འདེབས་བྱས་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎