རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ལ་འབོད་སྐུལ།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གིས་བོད་ནང་ཚད་ལས་འདས་པའི་དྲག་གནོན་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།

2012.01.25

༄༅༎རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་གིས་བོད་མི་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་ཚད་ལས་བརྒལ་བའི་དྲག་གནོན་བྱེད་རྒྱུ་ངེས་པར་དུ་འཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་སེན་ཛ་རི་ཕི་ཡིས་གསུངས་ན། རྒྱ་ནག་གཞུང་གིས་བོད་མི་ཞི་བའི་ངོ་རྒོལ་བ ཚོའི་ཐོག་དྲག་གནོན་བྱ་རྒྱུ་འཚམས་འཇོག་དགོ་ས་པ་མ་ཟད། རང་དབང་ལྡན་པའི་ཚོགས་སྡེ་ཁག་བོད་ཀྱི་ཛ་དྲག་གི་གནས་སྟངས་འོག་ཡོད་པའི་ས་གནས་དེ་ཚོའི་ནང་རྟོགས་ཞིབ་ཏུ་ངེས་པར་དུ་གཏོང་དགོས་པ་གསུང་ཡོད་པ་དང། ཁོང་གིས་རྒྱ་ནག་ཉེན་རྟོག་པས་བོད་མི་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་བྱས་ནས་བོད་མི་དམར་བསད་བཏང་བའི་གནས་ཚུལ་དངོས་སུ་མཐོང་མཁན་གྱི་བརྗོད་པའི་གནས་ཚུལ་རྩིས་མེད་བཏང་ནས། ཛ་དྲག་ཡོད་མུས་ཡིན་པའི་ས་གནས་དེ་ཚོའི་ནང་གི་གནས་སྟངས་དེ་བས་ཛ་དྲག་ཏུ་གཏོང་བཞིན་ཡོད་པ་རེད་ཅེས་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་ནས་མུ་མཐུད་གསུང་བར། ཕྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་བཟུང་བོད་ཀྱི་ས་ཁུལ་ཁག་ནང་གི་གནས་སྟངས་ཞི་འཇམ་དུ་མ་ཕྱིན་པར་ཛ་དྲག་འོག་གནས་མུས་ཡིན་པ་དང་། འདས་པའི་གཟའ་འཁོར་གཉིས་ཀྱི་ནང་ཚུད་ བོད་ཀྱི་ས་ཁུལ་ནང་བོད་མི་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་གཞུང་ཕྱོགས་ནས་དྲག་གནོན་བྱས་པའི་གནས་ཚུལ་ཉུང་ཐར་ཡང་ཐེངས་གསུམ་ཙམ་བྱུང་ཡོད། ཡིན་ན་ཡང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་དང་ གསར་འགོད་པ་ཚོ་ཛ་དྲག་གི་གནས་སྟངས་འོག་ཡོད་པའི་བོད་ཀྱི་ས་ཁུལ་ཁག་ནང་གནས་ཚུལ་དངོས་བྱུང་ཤེས་རྟོགས་ཡོང་རྒྱུའི་ཆེད་བསྐྱོད་རྒྱུར་བཀག་སྡོམ་བྱེད་བཞིནཡོད་པར་བརྟེན། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་དངོས་ཡོད་གནས་ཚུལ་གང་འདྲ་ཡོད་མེད་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་གསུངས་ནས་རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱི་རང་དབང་ལྡན་པའི་རྟོགས་ཞིབ་ཚོགས་པ་དཔེར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་བརྟག་དཔྱད་ཚོགས་པ་བོད་ཀྱི་ས་ཁུལ་དེ་ཚོའི་ནང་གནས་ཚུལ་དངོས་བརྟག་དཔྱད་བྱེད་པར་གཏོང་རྒྱུ་རྒྱ་ནག་གཞུང་ལ་མུ་མཐུད་ནས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུང་འདུག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎