རྒྱ་གར་གཞུང་གི་ཁྲིམས་གཞི་ཞིག་ལ་སྐྱོན་བརྗོད་ཡོང་གི་ཡོད་པ།

རྒྱ་གར་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་གདོང་ལེན་བྱ་རྒྱུའི་ཆེད་དུ་ཉེན་རྟོག་པའི་དབང་ཚད་ཆེ་རུ་བཏང་བའི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུ།

2008.12.19

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཉེ་ཆར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེའི་དོན་རྐྱེན་བྱུང་བའི་རྗེས་རྒྱ་གར་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་གདོང་ལེན་བྱ་རྒྱུའི་ཆེད་དུ་ཉེན་རྟོག་པའི་དབང་ཚད་ཆེ་རུ་བཏང་བའི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་གི་འབྲུ་དོན་ལ་འགལ་འཛོལ་བྱས་པ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་གར་གྱི་སྲིད་འཛིན་མཆོག་གིས་ཁྲིམས་ལུགས་དེར་བཀའ་ཁྲོལ་མ་གནང་བའི་འབོད་སྐུལ་ཞུས་པ་དང་གལ་ཏེ་ཁྲིམས་ལུགས་དེ་གཏན་འབེབས་བྱུང་བ་ཡིན་ཚེ་ཉེས་རྟོག་པས་འཇིགས་སྐུལ་དྲག་སྤྱོད་པའི་དོགས་གཞི་ཡོད་པའི་མི་ལ་ནག་ཉེས་ཉེས་འཛུགས་གང་ཡང་མ་བཙུགས་པར་ཉིན་གྲངས་དགུ་ཅུ་ནས་བརྒྱ་དང་བརྒྱད་ཅུ་བར་བཀག་ཉར་བྱེད་ཆོག་པ་དང་མི་མང་པོ་འཛིན་བཟུང་བྱེད་ཆོག་པའི་དབང་ཆ་སྤྲོད་རྒྱུ་ཡིན་པ་དེ་ནི་ཁྲིམས་འགལ་ཡིན་ཞིང་ད་དུང་ཉེན་རྟོག་པར་འཇིགས་སྐུལ་དྲག་སྤྱོད་པའི་དོགས་གཞི་ཡོད་པའི་མི་སྣ་འཚོལ་ཞིབ་བྱེད་པའི་ལས་དོན་གྱི་དབང་ཚད་ཀྱང་ཆེ་རུ་གཏོང་རྒྱུ་ཡིན་པ་དེ་ཡིས་ཉེན་རྟོག་པས་གང་བྱུང་དུ་མི་དམངས་ལ་བརྡབས་སིག་ཆེན་པོ་བཟོ་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་མ་རྡུ་མལ་ཧོ་ཏྲ་ཡིས་སྤེལ་བའི་གསལ་བསྒྲགས་ནང་ང་ཚོས་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཡིན་ནའང་རྒྱ་གར་གྱི་དཔོན་རིགས་ཚོས་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱེད་པའི་ནང་རྒྱ་གར་མི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་དང་སྲུང་སྐྱོབ་ལྡན་པའི་བྱ་ཐབས་འཛིན་དགོས་པ་དང་སྤྱི་ཚོགས་ཀྱི་བདེ་འཇགས་གནད་དོན་ཁ་ལ་འཁྱེར་ཏེ་རྒྱ་གར་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ཉེན་ཁ་བཟོ་ན་འགྲིག་གི་མ་རེད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎