ཆོས་ལུགས་ཚང་མས་འཆམ་མཐུན་སྐྲུན་ཐུབ་སྐོར་གསུང་བཤད།

༧གོང་ས་མཆོག་གིས་ཆོས་ལུགས་ཚང་མར་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་བའི་ཐོུང་གི་དམིགས་ཡུལ་གཅིག་མཚུངས་ཡིན་པའི་བཀའ་སློབ།

2010.09.05

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་༤ཉིན་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པའི་ལྷན་ཚོགས་ཐེངས་༣༣པ་དབུ་འབྱེད་གནང་བ་མ་ཟད། ཆོས་ལུགས་ཚང་མ་ཉམས་ལེན་བྱེད་པར་རང་དབང་ཆ་ཚང་བ་དགོས་པ་དང༌། ཆོས་ལུགས་ཚང་མར་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་བའི་ཐོུང་གི་དམིགས་ཡུལ་གཅིག་མཚུངས་ཡིན་པའི་བཀའ་སློབ་གནང་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག

རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པའི་ལྷན་ཚོགས་དེ་བཞིན་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཀེ་ར་ལའི་གྲོང་ཁྱེར་ཀོ་ཆི་ནང་སྐོང་ཚོགས་གནང་བཞིན་ཡོད་པ་དང༌། འཛམ་གླིང་རྒྱལ་ཁབ་ཁག་མང་པོ་ནས་སྐུ་ཚབ་མཉམ་ཞུགས་གནང་ཡོད་ཅིང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་ལ་ཆོས་ལུགས་མི་འདྲའི་བར་འཆམ་མཐུན་དགོས་པའི་སྐོར་ལ་བཀའ་སློབ་ཕེབས་དོན། ཆོས་ལུགས་མི་འདྲ་བའི་དབར་ལ་ལྟ་གྲུབ་མི་འདྲ་བའི་ཁྱད་པ་དང་དེ་ཡང་ཧིན་རྡུ་དང་ཁ་ཆེ། ཡེ་ཤུ། ཇེན། ནང་པ། སིག་ཆོས་ལུགས་ཀྱི་ཐོུང་མ་ཡིན་པའི་ཉམས་ལེན་བྱེད་ཕྱོགས་ལ་ཁྱད་པར་ཡོད་ནའང་ཆོས་ལུགས་དེ་དག་ཚང་མའི་དམིགས་ཡུལ་ནི་འགྲོ་བ་མིའི་སེམས་རྒྱུད་དུ་བྱམས་དང་སྙིང་རྗེ་འཕེལ་ཐབས་དང༌། འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་ཐབས་གཅིག་པ་ཡིན་པར་བརྟེན་ནས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་དགོས་པ་དང༌། ཆོས་ལུགས་གང་ཡིན་སོ་སོའི་ཕ་མེས་ནས་ཉམས་ལེན་བྱེད་པའི་ཆོས་ལུགས་གཅིག་ཁོ་ན་ཉམས་ལེན་བྱེད་དགོས་པ་དང་མཉམ་དུ་གཞན་གྱི་ཆོས་ལུགས་ལ་བརྩི་བཀུར་ཞུ་དགོས་ཀྱི་རེད་ཅེས་དང༌། ད་དུང་དུས་རབས་༢༡པ་དེ་ནི་འགལ་ཟླ་གང་ཡིན་གྲོས་མོལ་བྱེད་པའི་ལམ་ནས་སེལ་ཐབས་བྱེད་དགོས་པའི་དུས་རབས་ཞིག་ཡིན་པས་ཆོས་ལུགས་འཆམ་མཐུན་ཡར་རྒྱས་གཏོང་བར་ཕན་ཚུན་བར་གྲོས་མོལ་བྱེད་དགོས་པ་གལ་འགངས་ཆེན་པོ་ཡིན་པ་གཟིགས་ཀྱི་ཡོད་པ་དང། དེང་སྐབས་ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་དང་ད་དུང་ཚན་རིག་པའི་ནང་ཆོས་ལུགས་ཀྱི་ཐོག་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་གི་ཡོད་པའི་སྐོར་དང༌། འཛམ་གླིང་དེའི་ནང་དུ་དོ་སྣང་ཆུང་བ་དང་རང་འབྱུང་གི་གཏེར་གྱི་ཐོན་ཁུངས་སྔོག་འདོ་བཏོན་བྱེད་པའི་རྐྱེན་གྱིས་འཛམ་གླིང་ནང་རང་འབྱུང་གི་གནོད་འཚེ་མང་པོ་བཟོ་བ་ནི། པ་ཀི་སི་ཐན་དང་ཨ་ཕེ་རི་ཀ། བོད། ལ་དྭགས། རྒྱ་ནག་ནང་ཆུ་ལོག་དང་ཐེན་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན་ནས་ས་གོ་ལ་དེའི་ཆེད་དུ་རྒྱལ་སྤྱིའི་འགན་འཁྲིའི་ལས་དོན་གོང་འཕེལ་གཏོང་དགོས་གལ་ཆེ་བའི་བཀའ་སློབ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎