བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་ནང་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ།

2024.11.23
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་ནང་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་ནང་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ།
བོད་ཀྱི་གཞོན་ནུ་ལྷན་ཚོགས།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་དང་བོད་ཀྱི་ས་མཚམས་འབུམ་ལ་ས་གནས་ནས་དབུ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤྱི་ཟླ་༡༡པའི་ཚེས་༢༢ཉིན་འགོ་འཛུགས་གནང་ཡོད་ཅིང་། ས་མཚམས་སུ་རྒྱ་ནག་གཞུང་གི་མཐའ་སྲུང་དམག་མི་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ཚོར་བཀག་འགོག་བྱ་ཐབས་བྱས་པའི་སྐབས་དང་བསྟུན། གཞོན་ལྷན་གྱི་ལས་འགུལ་བ་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ་སོགས་ཀྱི་འབོད་སྒྲ་བསྒྲགས་ཡོད་པ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ནས་འགྲེལ་བརྗོད་གནང་འདུག

468137721_618998093783654_326605100701207881_n.jpg

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ནས། ཁོང་ཚོས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱིས་ལས་འགུལ་འདི་སྤེལ་དགོས་དོན་གཙོ་བོ་ནི། རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོན་ཚན་གལ་ཆེན་པོ་གསུམ་གྱི་ཐོག་བོད་དོན་རྒྱབ་སྐྱོར་གྱི་རེ་སྐུལ་ཆེད་ཡིན་པ་ངོ་སྤྲོད་གནང་སོང་བ་ལྟར། དོན་ཚན་དང་པོ་དེ། རྒྱ་གར་དང་རྒྱལ་སྤྱིའི་གཞུང་སྒེར་སྒྲིག་འཛུགས་ཁག་གིས་བོད་དོན་རྒྱབ་སྐྱོར་དང་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ། རྒྱ་ནག་གིས་བོད་ནང་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་མཚམས་འཇོག་བྱེད་བཅུག་དགོས་པ་དང་། དོན་ཚན་གཉིས་པ། རྒྱ་གར་གྱིས་བོད་དོན་ཐད་ཁྲིམས་ཡིག་ཅིག་བཟོས་ཏེ་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ལམ་ནས་བཙན་བཟུང་བྱས་པ་གསལ་འདོན་ཡོང་བའི་རེ་འདུན་ཞུ་ཡི་ཡོད། དོན་ཚན་གསུམ་པ། འཛམ་གླིང་གི་སྣེ་གསུམ་པར་བརྩི་བཞིན་པའི་བོད་ཀྱི་ཁོར་ཡུག་ལ་རྒྱ་ནག་གཞུང་གིས་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་འཛམ་གླིང་སྤྱི་ནས་དོ་གལ་དགོས་པ་བཅས་ཀྱི་དགོས་འདུན་གསུམ་གསལ་འདོན་གྱིས་ལས་འགུལ་སྤེལ་བཞིན་པ་གསལ་སྟོན་གནང་གི་འདུག

468150799_618997590450371_2512919295576164744_n.jpg

དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ནས་ཀྱང་། ཉེ་ལམ་རྒྱ་གར་གྱི་BJPཆབ་སྲིད་ཚོགས་པ་སོགས་ཀྱིས་གྷོ་ཧ་ཊི་གྲོང་ཁྱེར་ནས་མོན་རྟ་དབང་བར་སྐོར་སྐྱོད་ལས་འགུལ་ནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་མཉམ་ཞུགས་ཐུབ་པ་དང་དུས་མཚུངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་འདི་འགོ་བཙུགས་པ་ནི། གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གལ་ཆེ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

3f546a63-ab22-418a-8da3-00a3f66de93b.jpeg

རྒྱ་གར་ཨ་རུ་ཎཱ་ཅལ་མངའ་སྡེའི་ནང་གི་འབུམ་ལ་ས་གནས་ནས་འགོ་འཛུགས་གནང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྦག་སྦག་སྐོར་སྐྱོད་དེ་ཟླ་བ་གཉིས་ཀྱི་རིང་། རྒྱ་གར་ནང་གི་མངའ་སྡེ་ཁག་༢༠ལྷག་གི་ནང་སྤྱི་ལེ་ཆིག་ཁྲི་ལྔ་སྟོང་གི་སར་འགྲུལ་བཞུད་ཀྱིས། རྒྱ་གར་གཞུང་སྒེར་ཚོགས་སྡེ་ཁག་དང་གནད་ཡོད་མི་སྣ། རྒྱ་གར་མི་དམངས་བཅས་ལ་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་ཡོང་བའི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད་འདུག།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎