ཨ་རིའི་ནང་རྒྱ་ནག་གི་མཉེན་ཆས་ཁག་བརྒྱུད་དངུལ་གཏོང་ལེན་བཀག་སྡོམ་བྱེད་རྒྱུ།

2021.01.06
ཨ་རིའི་ནང་རྒྱ་ནག་གི་མཉེན་ཆས་ཁག་བརྒྱུད་དངུལ་གཏོང་ལེན་བཀག་སྡོམ་བྱེད་རྒྱུ། ཨ་རིའི་ནང་བཀག་སྡོམ་བྱེད་རྒྱུའི་རྒྱ་ནག་གི་མཉེན་ཆས།
སྒྲིག་བཟོ།

ཨ་མི་རི་ཀའི་སྲིད་འཛིན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་ཨ་རིའི་ནང་རྒྱ་ནག་གི་མཉེན་ཆས་མ་ལག་འདྲ་མིན་བརྒྱད་བརྒྱུད་ནས་དངུལ་གཏོང་ལེན་བཀག་སྡོམ་བྱེད་རྒྱུ་ཡིན་འདུག
འདི་ཚེས་༥རེས་གཟའ་མིག་དམར་ཉིན། ཨ་མི་རི་ཀའི་སྲིད་འཛིན་(Trump)མཆོག་གིས་ཨ་རིའི་ནང་(Alipay)ཞེས་པའི་མཉེན་ཆས་ཐེ་བའི་རྒྱ་ནག་གི་མཉེན་ཆས་འདྲ་མིན་བརྒྱད་བརྒྱུད་ནས་དངུལ་གཏོང་ལེན་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། དེ་ནི་གཙོ་བོ་རྒྱ་ནག་གི་མཉེན་ཆས་ཁག་བརྒྱུད་ཨ་རིར་ཉེན་ཁ་བཟོ་བཞིན་པ་ནས་སྲུང་སྐྱོབ་ཆེད་ཡིན་འདུག
ཨ་མི་རི་ཀའི་སྲིད་འཛིན་(Trump)མཆོག་གིས་རྒྱ་ནག་གི་མཉེན་ཆས་(Ant Group)ཞེས་པར་བདག་དབང་ཡོད་པའི་(Alipay)ཞེས་པ་དང་། (Tencent)ཞེས་པའི་རྒྱ་ནག་གི་ཏར་འཕྲིན་ལས་ཁང་ལ་བདག་དབང་ཡོད་པའི་སྐད་འཕྲིན་བརྒྱུད་པའི་(WeChat Pay)ཞེས་པ་སོགས་རྒྱ་ནག་གི་མཉེན་ཆས་བརྒྱད་བརྒྱུད་ནས་དངུལ་གཏོང་ལེན་བྱེད་མི་ཆོག་པའི་དམ་བསྒྲགས་བཀག་སྡོམ་གནང་རྒྱུའི་སྲིད་འཛིན་གྱི་བཀའ་རྒྱ་ལ་མཚན་རྟགས་སྐྱོན་འདུག
དེ་ནི་ཨ་རིའི་སྲིད་འཛིན་(Trump)མཆོག་གི་སྲིད་འཛིན་གྱི་ལས་ཡུན་ཚང་ལ་ཉེ་བའི་བདུན་གཉིས་ཀྱི་གོང་དུ་གནང་བ་ཞིག་ཡིན་པས། ཁོང་གི་འཛིན་སྐྱོང་གིས་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་པོ་བཟུང་བ་ཞིག་ཡིན་རུང་། བཀའ་རྒྱ་དེའི་ཁྱབ་ཚད་དང་དངོས་སུ་ལག་ལེན་གནང་རྒྱུ་ནི་ཡོང་རྒྱུར་བསྡད་པའི་བདམས་ཐོན་སྲིད་འཛིན་ཇོ་བྷ་ཌན་མཆོག་གི་འཛིན་སྐྱོང་ཐོག་བབས་རྒྱུ་ཡིན་འདུག
ཨ་རིའི་སྲིད་འཛིན་(Trump)མཆོག་གིས་རྒྱ་ནག་གི་མཉེན་ཆས་(Alipay)དང་། CamScanner, QQ Wallet, SHAREit, Tencent QQ, WeChatPay, WPS office དང་། དེ་དག་ལ་རམ་འདེགས་བྱེད་མཁན་རྒྱ་ནག་གི་མཉེན་ཆས་ཁྱོན་བསྡོམས་བརྒྱད་བརྒྱུད་ནས་དངུལ་གཏོང་ལེན་བྱེད་མི་ཆོག་པའི་དམ་དྲག་བཀའ་རྒྱ་དེ་བཞིན་འདི་ཚེས་༥ནས་རྩིས་པའི་ཉིན་གྲངས་༤༥རྗེས་སུ་ལག་ལེན་བསྟར་དགོས་པའི་བཀའ་བཏང་གནང་འདུག
སྲིད་འཛིན་(Trump)མཆོག་གིས་རྒྱ་ནག་གཞུང་གིས་རྒྱ་ནག་གི་མཉེན་ཆས་དེ་རིགས་བརྒྱུད་ནས་གནས་ཚུལ་མང་པོ་གསོག་འཇོག་བྱས་ཏེ་རང་གི་དཔལ་འབྱོར་དང་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་རྒྱ་བསྐྱེད་གཏོང་གི་ཡོད་པ་དང་། ཨ་རིའི་མི་མང་གི་བདེ་འཇགས་དང་ཕྱོགས་མང་པོ་ནས་ཉེན་ཁ་བཟོ་བཞིན་ཡོད་པ་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎