བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ཏུ་འཚམས་འདྲི།

བལ་ཡུལ་གྱི་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པཱལ་མཆོག་གིས་ཟླ་བ་འདིའི་ནང་རྒྱ་ནག་ཏུ་ཐེངས་དང་པོ་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་སྐོར།

2009.12.08

༄༅༎བལ་ཡུལ་གྱི་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པཱལ་མཆོག་གིས་ཟླ་བ་འདིའི་ནང་རྒྱ་ནག་ཏུ་ཐེངས་དང་པོ་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་ཁོང་གི་གསར་འགོད་སློབ་སྟོན་པས་གསུངས་ཡོད་པ་རེད།

སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པཱལ་གྱིས་ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་སྲིད་བློན་གྱི་ཐུགས་འགན་བཞེས་པ་ནས་བཟུང་འདས་པའི་ཟླ་བ་བདུན་ཙམ་ཕྱིན་པའི་རྗེས་སུ་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་དྲུག་ཉིན་ཐེངས་དང་པོ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཞིག་ཡིན་པ་དང། རྒྱ་ནག་གི་དཔོན་རིགས་དངམཇལ་འཕྲད་ཀྱིས་བཀའ་མོལ་གནང་རྒྱུ་ཡིན་པ་རེད། སྲིད་བློན་མཆོག་གི་གསར་འགོད་སློབ་སྟོན་པ་སྦིཤ་ནུ་རི་ཇཱལ་ གྱིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བའི་ནང། སྲིད་བློན་མཆོག་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་དྲུག་ནས་སུམ་ཅུ་སོ་གཅིག་བར་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ་དང། འཚམས་འདྲི་དེ་ནི་རྒྱ་ནག་དང་བལ་ཡུལ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཐོག་གྲོས་མོལ་གནང་རྒྱུར་མཐུན་འགྱུར་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད། དེ་སྔའི་བལ་ཡུལ་གྱི་གཞུང་འཛིན་རྙིང་པའི་སྲིད་བློན་རིམ་པ་ཚོས་སྲིད་བློན་གྱི་ཐུགས་འགན་བཞེས་པའི་རྗེས་ཀྱི་ཕྱིའི་རྒྱལ་ཁབ་ཀྱི་འཚམས་འདྲི་ཐོག་མ་དེ་རྒྱ་གར་དུ་ཕེབས་སྲོལ་ཡོད་ཀྱང། མའོ་གྱེན་ལོག་ཤོག་ཁག་གི་འགོ་ཁྲིད་པུཤི་པ་ཀ་མཱལ་རྡ་ཧལ་གྱིས་ན་ནིང་བལ་ཡུལ་གྱི་སྲིད་བློན་གནང་བའི་སྐབས་གཞུང་འབྲེལ་གྱི་འཚམས་འདྲི་དང་པོ་དེ་རྒྱ་གར་ཏུ་མ་ཕེབས་པར་རྒྱ་ནག་ཏུ་ཕེབས་པ་མ་ཟད། རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོར་མཉམ་ཞུགས་བྱས་ཏེ་དེ་སྔའི་གཞུང་འཛིན་རིམ་པའི་ལམ་སྲོལ་མེད་པ་བཟོས་ཡོད་པ་རེད། ཡིན་ནའང་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པཱལ་མཆོག་གིས་སླར་ཡང་ལམ་སྲོལ་རྙིང་པ་བསྐྱར་གསོ་བྱས་ཏེ་ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་ཁོང་སྲིད་བློན་གྱི་ཐུགས་འགན་བཞེས་པའི་རྗེས་འཚམས་འདྲི་ཐོག་མ་དེ་རྒྱ་གར་དུ་ཕེབས་ཏེ་རྒྱ་གར་གྱི་དཔོན་རིགས་ལྷན་དུ་གྲོས་མོལ་གནང་ཡོད་པ་རེད། འོན་ཀྱང་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པཱལ་ཡི་གཞུང་གིས་བལ་ཡུལ་ནང་གི་གནས་སྡོད་བཙན་བྱོལ་བོད་མིའི་ཐོག་སྲིད་ཇུས་འཛིན་ཕྱོགས་ལ་འགྱུར་བ་གང་ཡང་མེད་པར་མུ་མཐུད་རྒྱ་ནག་གི་གནོན་ཤུགས་འོག་བོད་མི་བཙན་བྱོལ་བ་རྣམས་འཚོ་གནས་ཐོག་ལ་ཧ་ཅང་གི་དཀའ་ངལ་ཆེན་པོར་ལྷུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎