པེ་ཅིང་དུ་རྒྱལ་སྤྱིིའི་དབང་པོ་སྐྱོན་ཅན་གྱི་རྩེད་འགྲན་སྐོར།
2008.08.28
༄༅༎པེ་ཅིང་ཨོ་ལིམ་པིག་གི་མཇུག་སྒྲིལ་བྱས་པའི་རྗེས་རྒྱ་ནག་གཞུང་གིས་དབང་པོ་སྐྱོན་ཅན་པའི་ལུས་རྩལ་འགྲན་ཚོགས་ཕྱི་ཟླ་དགུ་པའི་ཚེས་༦ནས་འགོ་བཙུགས་བྱེད་རྒྱུ་ཡིན་པ་རེད་
པེ་ཅིང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ ལིའུ་ ཡིས་ ལུས་རྩལ་འགྲན་ཚོགས་གཉིས་གཟི་བརྗིད་འདྲ་མཉམ་གྱི་སྒོ་ནས་སྤེལ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད་ གོང་ཞུས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལིའུ་ཡིས་དབང་པོ་སྐྱོན་ཅན་པའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་བཞིན་མེ་ལྕེ་འབར་བཞིན་དུ་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་ཡིས་ལག་ཏུ་སྤྲད་ཡོད་པ་རེད་ ཉིན་བཅུའི་རིང་སྐོངས་འཚོགས་བྱེད་རྒྱུའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དེ་ཡང་ཚན་ལྡན་གྱི་ལུས་རྩལ་འགྲན་ཚོགས་ལྟར་སྐོངས་འཚོགས་གནང་རྒྱུ་ཡིན་ལུགས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཚན་པའི་ཚོགས་གཙོ་སྐུ་ཞབས་ ཕི་ལིབ་ཁེ་རེ་ལྦེན་ ཡིས་དེ་རིང་རེས་གཟའ་ཕུར་བུའི་ཉིན་གསར་འགོད་པར་བརྗོད་འདུག རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་སྐོངས་འཚོགས་བྱེད་རྒྱུའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དེ་ཕྱི་ཟླ་དགུ་པའི་ཚེས་༦ནས་ཚེས་༡༧ཉིན་བཅུའི་རིང་སྐོངས་འཚོགས་བྱེད་རྒྱུ་ཡིན་པ་རེད་