རྒྱ་གར་གྱིས་འཇིགས་སྐུལ་དྲག་སྤྱོད་འགོག་ཐབས་ཀྱི་ལས་འཆར།

རྒྱ་གར་གཞུང་གིས་བདེ་སྲུང་ཚགས་ཚུད་གཏོང་ཆེད་གོ་མཚོན་དང་མི་མེད་པའི་ས་སྲུང་རྟོགས་ཞིབ་འཕྲུལ་ཆས་སོགས་གསར་བཟོ་གང་མྱུར་གནང་རྒྱུ།

2009.01.29

༄༅༎རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་གྱི་དོན་རྐྱེན་བྱུང་བའི་རྗེས་རྒྱ་གར་གཞུང་གིས་བདེ་སྲུང་ཚགས་ཚུད་གཏོང་ཆེད་ཨ་སྒོར་ཐེར་འབུམ་གཅིག་ཙམ་གནས་པའི་གོ་མཚོན་དང་མི་མེད་པའི་ས་སྲུང་རྟོགས་ཞིབ་འཕྲུལ་ཆས་སོགས་གསར་བཟོ་གང་མྱུར་གནང་རྒྱུ་ཡིན་ལུགས་རྒྱ་གར་གྱི་བདེ་སྲུང་ཉམས་ཞིབ་དང་ཡར་རྒྱས་ལས་དོན་ཁང་གིས་དེ་རིང་གསུང་བཞག དེ་ཡང་བདེ་སྲུང་དང་འབྲེལ་བའི་ལས་འཆར་དེའི་ནང་འདི་ལོའི་ཕྱི་ཟླ་བཅུ་གཉིས་པའི་གོང་དམག་འཐབ་ཐང་སྒ་རི་༡༢༤ཙམ་གསར་བཟོ་གནང་རྒྱུ་དང་དེ་བཞིན་རྒྱ་གར་རང་ནས་བཟོས་པའི་དམག་འཐབ་གནམ་གྲུ་བཟོ་ཐེངས་དང་པོ་དེ་མཚོ་དམག་དམག་མིར་འདི་ལོའི་ལོ་མཇུག་གོང་གནང་ཐུབ་པ་གནང་རྒྱུ་དང་མི་མེད་ས་སྲུང་འཕྲུལ་འཁོར་གསར་བཟོས་ཀྱིས་ས་མཚམས་ཀྱི་ས་སྲུང་སྐྱོབ་སྔར་ལྷག་གནང་ཐུབ་པ་གནང་རྒྱུའི་འཆར་གཞི་ཡོད་འདུག ལས་འཆར་དེ་རྣམས་དུས་ཐོག་ཚར་ཐུབ་པ་དགོས་པའི་གནོན་ཤུགས་ཡོང་མུས་ལ་དུས་ཐོག་ཚར་ནས་འབྲེལ་ཡོད་ལ་མཁོ་སྤྲོད་ཐུབ་པ་གནང་སྟེ་བདེ་སྲུང་གི་ཉེན་ཁ་རྣམས་འགོག་ཐབས་གནང་ཐུབ་པ་གནང་རྒྱུ་ཡིན་ལུགས་རྒྱ་གར་གྱི་བདེ་སྲུང་ཉམས་ཞིབ་དང་ཡར་རྒྱས་ལས་དོན་ཁང་གི་མགྲིན་ཚབ་པ་སུ་རན་ཇན་པལ་ཡིས་གསུང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎