འཇིགས་སྐུལ་དྲག་སྤྱོད་པས་པ་ཀི་སི་ཏན་ལ་རོཌ་རམ་འབོད་སྐུལ།

གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་མི་སྣ་དེས་པ་ཀི་སི་ཏན་གཞུང་ལ་རོགས་རམ་གནང་རོགས་ཞེས་འབོད་སྐུལ།

2008.12.22

༄༅༎གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་མི་སྣ་དེས་པ་ཀི་སི་ཏན་གཞུང་ལ་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་འདུག

ཟླ་བ་སྔོན་མའི་ཚེས་ཉི་ཤུ་དྲུག་ཉིན་རྒྱ་གར་གྱི་ཁྲོམ་རའི་ལྟེ་གནས་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་བསམ་ཡུལ་འདས་པའི་གཏོར་རྒོལ་བཏང་ནས་མི་རྒྱུ་གཉིས་ཀར་དོ་ཕོག་ཚབས་ཆེ་བཏང་མཁན་གྱི་བྱེད་གཏེ་མི་གྲངས་བཅུའི་ཁོངས་ནས་མི་དགུ་དོན་རྐྱེན་དེའི་སྐབས་འཁོན་འཁྲུགས་འོག་འདས་གྲོངས་སུ་གྱུར་ཡོད་པ་རེད། སྐབས་དེར་མི་གཅིག་ལག་འཛིན་ཐུབ་པ་བྱུང་ཡོད་པ་དང་ཁོ་པའི་ཐོག་འདས་པའི་ཟླ་བ་གཅིག་མ་ཟིན་ཙམ་བར་ཞིབ་འཇུག་འདྲི་རྩད་བྱས་པའི་འོག་ནས་ཁོ་པ་རང་ཉིད་ཙམ་དུ་མ་ཟད་རོགས་པ་གཞན་དགུ་པོ་དེ་དག་ཀྱང་པ་ཀི་སི་ཏན་གྱི་མི་སེར་ཡིན་པ་དང་ཁོང་ཚོར་འཇིགས་སྐུལ་དྲག་སྤྱོད་པ་ལ་ཤེ་ཀར་ཏོ་ཡི་སྦས་སྦྱོང་བརྡར་སྤྲད་ཡོད་པའི་ངོས་ལེན་བྱས་ཡོད་པ་རེད། འོན་ཀྱང་ཁ་ས་རྒྱ་གར་གཞུང་ནས་པ་ཀི་སི་ཏན་གྱི་གཞུང་ཚབ་པར་ཁོ་པའི་ཡི་གེ་མ་སྤྲོད་བར་པ་ཀི་སི་ཏན་ངོས་ནས་དཔང་རྟག་ར་འཕྲོད་གསལ་པོ་མ་བྱུང་བར་པ་ཀི་སི་ཏན་གྱི་མི་རིགས་ཡིན་པའི་ངོས་ལེན་གསལ་པོ་ཞིག་བྱས་མེད་པ་རེད། ཁ་ས་རེས་གཟའ་ཟླ་བའི་ཉིན་པ་ཀི་སི་ཏན་གྱི་གཞུང་ཚབ་ཀྱི་མགྲིན་ཚབ་པས་ཡི་གེ་དེའི་ནང་ཐོག་ང་ཚོས་ཞིབ་འཇུག་བྱེད་ཀྱི་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།

གང་ལྟར་པ་ཀི་སི་ཏན་དང་རྒྱ་གར་གཉིས་དབར་འབྲེལ་ལམ་ལོ་ཤས་གོང་ནས་ཕྲན་བུའི་བཟང་དུ་འགྲོ་བཞིན་པ་དེའི་ཐོག་ཉེ་ཆར་གྱི་དོན་རྐྱེན་དེའི་རྗེས་སུ་སླར་ཡང་འགྱངས་ཐག་རིང་དུ་ཕྱིན་ཡོད་རེད་ལ་ཁ་ས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་ནས་གལ་སྲིད་པ་ཀི་སི་ཏན་ངོས་ནས་ཉེ་ཆར་དོན་རྐྱེན་དེའི་བྱེད་གཏེ་ཚོའི་ཐོག་སྟངས་འཛིན་ཡག་པོ་ཞིག་མ་བྱེད་པ་ཡིན་ན་ང་ཚོའི་ངོས་ནས་གནས་སྟངས་ལ་གཞིགས་པས་གདོང་ལེན་བྱ་རྒྱུའི་གྲ་བསྒྲིགས་ཨང་སར་ཡོད་ཅེས་ཉེན་བརྡའི་ཚུལ་དུ་པ་ཀི་སི་ཏན་ལ་ལན་འདེབས་སྐྱོན་ཡོད་པ་རེད། དེ་དང་ཕྱོགས་མཚུངས་པ་ཀི་སི་ཏན་གྱི་ངོས་ནས་ཀྱང་འདས་པའི་ཉིན་མ་འགའ་ཤས་ནང་གནམ་དམག་གནམ་གྲུ་མང་པོ་ཞིག་སྦྱོང་བརྡར་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་པ་སོགས་ཕྱོགས་གཉིས་ཀའི་ངོས་ནས་གཅིག་ལ་གཅིག་གིས་སྡིག་ར་སྐུལ་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎