རྒྱ་ནག་གཞུང་གིས་བལ་ཡུལ་ཉེན་རྟོག་པར་དངུལ་སྤྲད་སྐོར།

རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ཉེན་རྟོག་པར་མ་དངུལ་སྤྲད་ནས་བོད་མི་སྐྱབས་བཅོལ་བ་ས་མཚམས་དམག་མིར་རྩིས་སྤྲོད་དགོས་ལུགས།

2010.12.20

༄༅༎རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ཉེན་རྟོག་པར་མ་དངུལ་སྤྲད་ནས་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཚོ་རྒྱ་ནག་གི་ས་མཚམས་དམག་མིར་རྩིས་སྤྲོད་དགོས་ལུགས་་བཤད་ཡོད་པ་ལྦི་ཀི་ལིཀ་སི་wikileaksདྲ་རྒྱས་གནས་ཚུལ་ཕྱིར་བཏོན་བྱས་ཡོད་འདུག  

ཉེ་བའི་ཆར་ལྦི་ཀི་ལིཀ་སི་ཞེས་པའི་དྲ་རྒྱས་ཨ་རིའི་གཞུང་ཚབ་ཀྱི་དཔོན་རིགས་ཚོའི་དྲ་རྒྱའི་ཐོག་གི་ཡིག་འགྲུལ་གྱི་གསང་བའི་གནས་ཚུལ་ཕྱིར་བསྒྲགས་རིམ་པ་བྱས་ཡོད་པ་ནས་བལ་ཡུལ་ནང་ཡོད་པའི་ཨ་རའི་གློག་འཕྲིན་ཐོག་གི་གནས་ཚུལ་ཕྱིར་གྱར་བྱས་པའི་ནང་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ས་མཚམས་ཉེན་རྟོག་དམག་མིར་དངུལ་སྤྲད་ནས་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཚོ་བཀག་ཉར་གྱིས་རྒྱ་ནག་གི་ས་སྲུང་ཉེན་རྟོག་པར་རྩིས་སྤྲོད་དགོས་པའི་གནས་ཚུལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་གཞུང་ཚབ་ཁང་གི་མིང་འབོད་བྱས་མེད་པའི་དཔོན་རིགས་ཤིག་ལ་ད་ལོ་ཕྱི་ཟླ་གཉིས་པའི་ནང་གློག་འཕྲིན་ཡིག་འགྲུལ་ཐོག་འཁོད་ཡོད་པ་རེད་ 

ཨ་རིའི་གཞུང་ཚབ་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་གཟའ་ཉི་མའི་ཉིན་གློག་འཕྲིན་གནས་ཚུལ་ཕྱིར་གྱར་བྱས་པའི་སྐོར་འགྲེལ་བརྗོད་གནང་དོན་ལྟར་ན་ གནས་ཚུལ་དེའི་ནང་པེ་ཅིན་གཞུང་གིས་བལ་ཡུལ་ས་སྲུང་ཉེན་རྟོག་པས་བལ་ཡུལ་གྱི་ས་མཚམས་བརྒྱུད་ནས་བྲོས་བྱོལ་དུ་སྐྱོད་མཁན་གྱི་བོད་མི་ཚོར་དམ་བསྒྲགས་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་གསུངས་འདུག ཡིན་ནའི་གོང་ཞུས་ལྦི་ཀི་ལིཀ་སི་དྲ་རྒྱས་ཨ་རིའི་གཞུང་ཚབ་དཔོན་རིགས་ཀྱི་གློག་འཕྲིན་ཡི་གེ་ཕྱིར་བསྒྲགས་བྱས་པའི་ནང་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ཉེན་རྟོག་པར་དངུལ་སྤྲད་ནས་བོད་མི་བྲོས་བྱོལ་དུ་ཡོང་མཁན་ཚོ་རྒྱ་ནག་གི་ས་མཚམས་ཉེན་རྟོག་པར་རྩིས་སྤྲོད་དགོས་པའི་གནས་ཚུལ་དེ་རིགས་ནི་གཞི་རྩ་གང་ཡང་མེད་པའི་འཆལ་གཏམ་ཡིན་ལུགས་བལ་ཡུལ་ཉེན་རྟོག་ལས་ཁང་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་ཡོད་པ་རེད་ བལ་ཡུལ་ཉེན་རྟོག་ལས་ཁང་གི་མགྲིན་ཚབ་པ་དེས་བརྗོད་ན་ བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་པའི་བོད་མི་བྲོས་བྱོལ་བ་དེ་དག་བལ་ཡུལ་ཕྱི་མི་གཞིས་ཆགས་ལས་ཁུངས་སུ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་ལས་རྒྱ་ནག་གི་ས་མཚམས་དམག་མིར་རྩིས་སྤྲོད་བྱེད་ཀྱི་མེད་ལུགས་ཕ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎