རྒྱ་མིའི་ཉེན་རྟོག་པས་བོད་མིར་སྡུག་སྦྱོང་མནར་གཅོད་བཏང་བ།

བོད་མི་རིག་འཛིན་སྒྲོལ་མ་ལཌ་ཀྱིས་རྒྱ་མིའི་ཉེན་རྟོག་མི་སྣས་བོད་མིར་སྡུག་སྦྱོང་མནར་གཅོད་བཏང་བའི་གནས་ཚུལ་གསུངས་འདུག

2010.01.30

༄༅༎ཉེ་དུས་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་ཁམས་དར་རྒྱས་ནས་ཡིན་པའི་རིག་འཛིན་སྒྲོལ་མ་ལཌ་ཀྱིས་ཕྱི་ལོ་༢༠༠༨་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོའི་སྐབས་སུ་དྲག་ཆས་གོ་མཚོན་ཐོག་པའི་རྒྱ་མིའི་ཉེན་རྟོག་མི་སྣས་བོད་མི་མང་པོར་མེ་མདའ་རྒྱབ་ནས་བསད་པ་དང་ཉེས་རྡུང་བཏང་བ་ མི་སྤྱོད་ལས་པའི་སྡུག་སྦྱོང་མནར་གཅོད་བཏང་བའི་གནས་ཚུལ་གསུངས་འདུག

རིག་འཛིན་སྒྲོལ་མ་ལཌ་ནི་ཕྱི་ལོ་༢༠༠༨་ལོའི་ཕྱི་ཟླ་༣ཚེས་༡༨ཉིན་དཀར་མཛེས་རྫོང་ཁུལ་གྱི་ཁྲོམ་གཞུང་ནང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་ཆུང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་མིའི་འཛིན་བཟུང་དོ་དམ་འོག་ནས་གློད་བཀྲོལ་དགོས་པ་ དེ་བཞིན་བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོཌ་ཀྱི་འབོད་ཚིག་སྒྲོཌ་ནས་སྟག་ཆུ་འདབ་ནས་སྐྱབས་མགོན་སློབ་གྲ་བར་གོམ་བགྲོད་བྱེད་མཁན་གྲས་ཡོད་པ་རེད་ ཞི་རྒོལ་བྱེད་མཁན་བོད་མི་ཚོས་གོམ་བགྲོད་བྱས་ཏེ་ཚུ་ཆོད་ཕྱེད་ཀ་ཙམ་གྱི་རྗེས་སུ་ དྲག་ཆས་གོ་མཚོན་ཐོག་པའི་རྒྱ་མིའི་ཉེན་རྟོག་མི་སྣས་བོད་མི་ཚོར་མེ་མདའ་རྒྱག་རྒྱུ་དང་ཉེས་རྡུང་གཏོང་འགོ་བཙུཌ་པ་དང་ ཁོང་ལ་ཡང་ཉེས་རྡུང་ཚབས་ཆེ་བཏང་བས་དྲན་མེད་དུ་བརྒལ་བ་དང་དྲན་པ་གསོ་དུས་ཁོང་རང་ཆུ་དང་འདབ་ཉོག་ནང་ཡོད་པ་དང་རྒྱ་མིའི་ཉེན་རྟོག་མི་སྣས་ཁོང་རྡོག་རྫིས་བཏང་ནས་འགྲོ་བཞིན་པ་འཚོར་སྐབས་ ཁོང་གིས་སྣུམ་འཁོར་ཞིག་གི་རྒྱབ་ལ་ཡིབ་ནས་ཞུཌ་པ་དང་དེ་ནས་བོད་མི་ཞིག་ཡོང་ནས་ཁོང་ལ་སྟོང་ཐུང་གཡོག་སྐོར་གསུངས་འདུག་ དེ་ནས་ཁོང་གིས་ཉི་མ་མང་པོའི་རིང་གབ་ཡིབ་བྱས་ཏེ་ས་ཆ་གཅིག་ནས་གཞན་ལ་ཕྱིན་པའི་རྗེས་སུ་ཟ་ཁོག་དགོན་པར་སླེབས་པ་དང་དགོན་པ་དེའི་ནང་ལ་ཡང་རྒྱ་མིས་དགེ་འདུན་པ་ཞིག་ལ་མེ་མདའ་བརྒྱབ་སྟེ་བསད་པའི་གནས་ཚུལ་གོ་ནས་དགོན་པ་དེའི་ནང་ལ་ཡང་ཉེན་ཁ་ཡོད་པའི་རྐྱེན་གྱིས་མུ་མཐུད་ནས་འགྲུལ་བཞུད་བྱས་ཏེ་རོང་ཚ་ཁ་གྲོང་ནང་ལོ་གཅིག་ཙམ་རིང་ཡིབ་ནས་བསྡད་དེ་ལྷ་སར་བྲོས་འབྱོལ་དུ་ཕྱིན་པ་དང་ལྷ་སར་སྔ་ལོའི་ཕྱི་ཟླ་༡༠་ཚེས་༡༠ཉིན་འབྱོར་བ་དང་ལྷ་སར་ཉིན་བརྒྱད་རིང་ཡིབ་ནས་བསྡད་པའི་རྗེས་སུ་བལ་ཡུལ་ནང་བྲོས་འབྱོལ་དུ་ཡོང་ཐུབ་པ་དང་དེ་ནས་འདི་ཟླའི་ཚེས་༡༤ཉིན་བཞུཌ་སྒར་རྡ་རམ་ས་ལར་བདེ་འབྱོར་ཟིན་པའི་གནས་ཚུལ་ཁག་གསུངས་སྐོར་ཁ་ས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎