བོད་པའི་བེུད་ཅིག་རྒྱ་ནག་ཁྲིན་ཏུའི་ཁུལ་གྱི་བཙོན་རྭ་ནང་ཡོད་པ།

བོད་རྔ་བ་རྐ་ཁོག་གམ་ཁྱུང་མཆུ་རྫོང་ནས་ཡིན་པའི་ནོར་འཛིན་དབང་མོ་ལགས་ད་ལྟ་རྒྱ་ནག་ཁྲིན་ཏུའི་ཁུལ་གྱི་བུད་མེད་བཙོན་ར་ནང་ཡོད་པ་རེད།

2009.01.29

༄༅༎བོད་རྔ་བ་རྐ་ཁོག་གམ་ཁྱུང་མཆུ་རྫོང་ནས་ཡིན་པའི་ནོར་འཛིན་དབང་མོ་ལགས་ད་ལྟ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཉེ་འགྲམ་གྱི་བུད་མེད་ བཙོན་ར་ནང་ཞུགས་སུ་ཡོད་པ་རེད།

སྤྱི་ལོ་༢༠༠༨ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་སུ་ཁྲོན་ཞིང་ཆེན་ཁོངས་ཀྱི་རྔ་བའི་འབྲིང་རིམ་ཁྲིམས་ཁང་གིས་དགུང་ལོ་སུམ་ཅུ་ཟིན་མ་ཐག་པའི་ནོར་འཛིན་དབང་མོས་ཕྱི་ལ་བོད་ཀྱི་ཡར་ལངས་ལས་འགུལ་སྐོར་གསུངས་པའི་ནག་ཉེས་འོག་ལོ་ལྔ་ཡི་ཁྲིམས་ཐག་བཅད་པའི་གནས་ཚུལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་ལ་རྗེས་སུ་ཁོ་མོའི་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་ནའང་ཉེ་ཆར་དེ་སྔོན་ཁོ་མོ་དང་འབྲེལ་འདྲིས་ཡག་པོ་ཡོད་པའི་བོད་ནང་གི་ཤེས་ལྡན་མི་སྣ་ཞིག་གིས་གསུངས་ན་ནོར་འཛིན་དབང་མོ་ལགས་ན་ནིང་གི་སྤྱི་ཟླ་བཅུ་གཉིས་པའའི་ཚེས་བཅོ་ལྔ་ཉིན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་སུ་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ལོང་ཆོན་ཡིས་ས་ཁུལ་ཧོང་ཨན་གྲོང་བརྡལ་དུ་ཡོད་པའི་ཁྲིན་ཏུའུ་བུད་མེད་བཙོན་རའི་ནང་བསྐྱལ་ཡོད་ལ་གནས་སྐབས་ཀྱི་ཟླ་བ་གསུམ་རིང་དེ་ནང་འཇོག་རྩིས་ཡོད་པ་དང་ད་ལྟ་ཁོ་མོའི་སྐྲ་ལན་བུ་རིང་པོ་ཡོད་པ་དེ་བཅད་དུ་བཅུག་ཡོད་པ་ལས་སྐུ་གཟུགས་ཀྱི་གནས་སྟངས་སོགས་གསལ་པོ་མེད་པ་འགྲེལ་བརྗོད་གནང་འདུག ནོར་འཛིན་དབང་མོ་ལགས་འཛིན་བཟུང་མ་བྱས་གོང་བོད་རྔ་བ་རྐ་ཁོག་གམ་རྒྱ་སྐད་ཀྱི་ཧོང་ཡོན་ཞེས་འབོད་པའི་རྫོང་དེའི་ཁྲིམས་སྲིད་ལས་ཁུངས་ཀྱི་གཞུང་གི་ལས་བྱེད་པ་ཞིག་ཡིན་པ་དང་ཁོ་མོས་ན་ནིང་གི་སྤྱི་ཟླ་གསུམ་པར་བོད་ནང་བོད་མིའི་ཞི་བའི་ཡར་ལངས་ཀྱི་ལས་འགུལ་སྐོར་ཕྱི་རྒྱལ་ལ་བཤད་པའི་ནག་ཉེས་འོག་རྒྱ་ནག་གཞུང་གིས་ལོ་ལྔ་ཡི་ཁྲིམས་ཆད་བཙོན་འཇུག་བྱས་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎