རྒྱ་གར་ནུབ་སྦེང་གོལ་མངའ་སྡེའི་འོས་བསྡུ།

རྒྱ་གར་གྱི་ནུབ་སྦེང་གོལ་མངའ་སྡེའི་སྲིད་དབང་འཛིན་མཁན་དམར་ཤོག་ཚོགས་པར་ཕམ་ཉེས་གཏོང་རྒྱུའི་རེ་བ་ཆེན་པོ་ཡོད་པའི་གནས་ཚུལ།

2011.04.18

༄༅༎དེ་རིང་རྒྱ་གར་ཤར་ཕྱོགས་ནུབ་སྦེང་གོལ་མངའ་སྡེའི་ནང་འོས་ཤོག་བསྡུ་ལེན་གནང་ཡོད་པ་ལྟར། ཐེངས་འདིའི་འོས་བསྡུའི་ནང་རྒྱ་གར་དབུས་མེ་འཁོར་བློན་ཆེན་ལྕམ་མམ་ཏ་སྦེ་ནར་ཇི་ཡིས་ ད་ཕན་ལོ་༣༤རིང་མངའ་སྡེའི་སྲིད་དབང་འཛིན་མཁན་དམར་ཤོག་ཚོགས་པར་ཕམ་ཉེས་གཏོང་རྒྱུའི་རེ་བ་ཆེན་པོ་ཡོད་པ་རེད།

ལྕམ་མམ་ཏ་སྦེ་ནར་ཇི་ཡི་ཆབ་སྲིད་ཚོགས་པ་ཏྲི་ན་མུལ་ཚོགས་པ་དེ་བཞིན་རྒྱ་གར་གཞུང་འཛིན་ཀོང་རེ་སི་ཚོགས་པའི་མཐུན་ཕྱོགས་ཡིན་པ་དང༌། ཁོང་ལ་ད་རེས་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཡིན་ན་གཞུང་འཛིན་ཀོངྒ་རེསི་ཚོགས་པའི་ནུས་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་ཞིག་རེད། ལྕམ་མམ་ཏ་སྦེ་ནར་ཇི་ཡིས་ནུབ་སྦེང་གོལ་མངའ་སྡེའི་མེ་འཁོར་ལས་གཞི་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་འགྲེལ་བརྗོད་གནང་བ་དང་སྦྲགས། ཁོང་ལ་རྒྱབ་སྐྱོར་ཞུ་མཁན་མང་ཚོགས་ལ། ནུབ་སྦེང་གོལ་མངའ་སྡེ་དེ་བཞིན་སུད་སི་ནང་ལྟར་བཟོས་གནང་རྒྱུའི་ཁས་ལེན་གནང་བཞག། མམ་ཏ་སྦེ་ནར་ཇི་ལ་ད་རེས་འོས་བསྡུའི་རྒྱལ་ཁ་ཐོབ་གནང་བ་ཡིན་ན། ཁོང་གི་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་ནང་འཐུས་མིའི་གདན་གྲངས་༡༩ཡོད་པ་དེའི་ཐོག་སྲིད་བློན་མན་མོ་ཧན་སིངྒ་མཆོག་གིས་དབུ་འཁྲིད་པའི་གཞུང་གིས་རྒྱབ་བརྟེན་གནང་དགོས་ཐུག་རྒྱུ་ཡིན་པ་མ་ཟད། ལྕམ་སྦེ་ནར་ཇི་ཡང་མན་མོ་ཧན་སིངྒ་མཆོག་གི་གཞུང་ཐོག་ཤུགས་རྐྱེན་ཐེབས་ཐུབ་པའི་མངའ་སྡེའི་སྲིད་དོན་པ་ནུས་ཤུགས་ཆེ་བ་ཞིག་ཆགས་གནང་རྒྱུ་ཡིན་པ་རེད། འོས་བསྡུའི་གྲུབ་འབྲས་དེ་བཞིན་རིང་མིན་ཕྱི་ཟླ་༥ཚེས་༡༣ཉིན་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎