བོད་ཁམས་དཀར་མཛེས་སུ་བཙུན་མ་གཉིས་ཀྱི་སྐོར།
2010.11.23
༄༅༎ཁམས་དར་རྒྱས་ནས་ཡིན་པའི་བཙུན་མ་བཀྲིས་དབྱངས་མཚོ་ལགས་རྒྱ་ནག་གིས་བཙོན་ཁང་ནང་ཉེས་རྡུང་ཚབས་ཆེ་བཏང་བས་རྐྱེན་གྱིས་ཛ་དྲག་གི་སྨན་བཅོས་གནང་དགོས་བྱུང་བའི་གནས་ཚུལ་ཐོན་འདུག་། བོད་ཀྱི་དཀར་མཛེས་རྗོང་གི་ཁྱབ་ཁུངས་སུ་ཡོད་པའི་དར་རྒྱས་དགོན་པའི་ཉ་བརྒྱད་བཙུན་དགོན་གྱི་བཙུན་མ་བཀྲིས་དབྱང་མཚོ་དང་ ཁོང་གི་ཆོས་གྲོགས་གསེར་ཕྲུག་དང་བྱམས་པ་ཆོས་སྐྱིད་གསུམ་ཕྱི་ལོ་ ༢༠༠༨་ལོའི་ཕྱི་ཟླ་ལྔ་པའི་ཚེས་༢༠ཉིན་གྱི་མཚན་མོར་དཀར་མཛེས་རྗོང་ཐོག་ཏུ་ཕྱིན་ནས་དེ་ཕྱི་ཉིན་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེ་བྱས་པའི་མཐར་རྒྱ་ནག་གིས་འཛིན་བཟུང་བྱས་ནས་རྒྱ་ནག་གི་གྲོང་ཁྱེར་དྲིན་དུའི་ཉེ་འཁོར་གྱི་བཙོན་ཁང་ཞིག་གི་ནང་མུ་མཐུད་ནས་བཀག་ཉར་བྱས་ཡོད་ཅིང་། མཐར་ལོ་ངོ་གཉིས་དང་ཟླ་བ་དྲུག་ཙམ་བཀག་ཉར་བྱས་ནས་འདི་ཟླའི་ཚེས་བཅུ་དགུ་ཉིན་བཙོན་ཁང་ནས་བཙུན་མ་བཀྲིས་དབྱངས་མཚོ་ལགས་གློད་བཀྲོལ་བཏང་འདུག་། འོན་ཀྱང་ཁོང་རྒྱ་ནག་གི་བཙོན་ཁང་ནང་ལོ་གཉིས་ལྷག་ཙམ་བཀག་ཉར་བྱས་པའི་རིང་ ཉེས་རྡུང་ཚབས་ཆེ་བཏང་བའི་རྐྱེན་གྱིས་ཁོང་གི་སྐུ་གཟུགས་ཕྱི་ནང་གཉིས་ཀར་སྐྱོན་ཆེན་པོ་བཟོས་ནས་གྲོང་ཁྱེར་དྲིན་དུའི་ནང་དུ་སྨན་བཅོས་བྱེད་བཞིན་པ་ཡིན་པ་རེད་འདུག་།