རྒྱ་ནག་ནང་འགུལ་ཚད་༧.༨བྱས་པའི་ས་ཡོམ་ཞིག་རྒྱབ་ཡོད་པ།
2008.05.12
༄༅༎རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ས་ཡོམ་གྱི་གོད་ཆགས་ནང་མི་གྲངས་༣༠༠༠ ནས་ ༥༠༠༠ བར་ལ་སྲོག་སྐྱོན་ཕོག་ཡོད་པ་རེད་ ཟི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ངོས་ཀྱི་ཅང་རང་སྐྱོངས་ལྗོངས་ནང་ཁང་ཁུངས་བརྒྱ་ཆ་ ༨༠ ཐམ་པ་གཏོར་སྐྱོན་ཕོག་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་གསུང་འདུག ཉི་ཧོང་གིས་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་རོགས་རམ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་དང་སྲིད་བློན་ ཡཱ་སུ་ཨོ་ཕཱུ་ཀུ་ཌ་ མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་དང་སྲིད་བློན་ཝན་ཇའི་པའོ་རྣམ་གཉིས་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་གསོ་དང་གོང་ཞུས་རོགས་རམ་གྱི་ཁས་ལེན་དེ་གནང་ཡོད་པ་རེད་ སྲིད་འཛིན་ཧུ་ཇིན་ཏའོ་ཡིས་ས་ཡོམ་ཕོག་ཡུལ་ས་ཁུལ་ཁག་ནང་སྲོག་སྐྱོབས་ཀྱི་ལས་དོན་གང་ཡོད་སྤེལ་དགོས་པ་དང་ས་ཡོམ་ཕོག་ཡུལ་ཁག་ལ་དྲག་པོའི་དཔུང་དམག་ཆེད་རྫོངས་གནང་ཡོད་པ་རེད་ སྲིད་འཛིན་ཧུ་ཡིས་རེས་གཟའ་སྤེན་པ་ཉིན་ ཉིན་ལྔའི་རིང་གི་ཉི་ཧོང་གི་རྒྱལ་དོན་འཚམས་གཟིགས་སྟེ་མཇུག་བསྒྲིལ་གནང་ཡོད་པ་དང་སྐབས་དེར་ཁོང་ལ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐོག་ལ་ངོ་རྒོལ་གནང་མཁན་བྱུང་ཡོད་པ་དང་ཡུལ་གཉིས་དབར་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད་