མ་འོངས་བོད་ཀྱི་གནས་སྟངས་ཐོག་བགྲོ་གླེང་གནང་ཡོད་པ།

རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཧེ་རི་ཊེཇ་ཐེབས་རྩ་ཁང་གིས་གོ་སྒྲིག་གནང་བའི་ལྷན་ཚོགས་ཐོག་གཏམ་བཤད་གནང་བ།

2009.03.26

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཉེ་ཆར་རྒྱ་ནག་གཞུང་གིས་ལྷོ་ཨཕ་རི་ཀའི་གཞུང་ལ་གནོན་ཤུགས་སྤྲད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨཕ་རི་ཀའི་ནང་ཚོགས་རྒྱུའི་ཞི་བདེ་ལྷན་ཚོགས་སུ་ཆིབས་བསྒྱུར་གནང་རྒྱུར་མཐོང་མཆན་མ་ཕུལ་བ་དེ་ནི་ལྷོ་ཨཕ་རི་ཀའི་ཐོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམའ་འབེབས་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་གསུངས་བཞག

རེས་གཟའ་ལྷག་པའི་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཧེ་རི་ཊེཇ་ཞེས་པའི་ཐེབས་རྩ་ཁང་གིས་གོ་སྒྲིག་གནང་བའི་ལྷན་ཚོགས་ཀྱི་ཐོག་རྒྱ་མི་བློ་གྲོས་རྒྱལ་མཚན་མཆོག་གིས་གཏམ་བཤད་གནང་བའི་ནང་ད་རེས་ཨཕ་རི་ཀའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་མགུར་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་འཁྱེར་ལ་མཐོང་མཆན་མ་ཕུལ་བའི་ཐག་གཅོད་བྱས་པ་དེ་ནི་ལྷོ་ཨཕ་རི་ཀའི་རྒྱལ་ཁབ་དེ་གང་འདྲ་ཞིག་ཡིན་མིན་འཛམ་གླིང་སྤྱི་ཚོགས་ཀྱི་དོ་སྣང་བྱེད་བཞིན་པ་དེར་རྩིས་མེད་རྡོག་རོལ་བཏང་བ་རེད་ཅེས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དེ་རྒྱ་ནག་དང་མཉམ་གནས་གནང་རྒྱུའི་དགོངས་གཞི་རྒྱུན་འཁྱོངས་གནང་བཞིན་ཡོད་པ་ལས་རྒྱ་ནག་དང་ཁ་བྲལ་བྱ་རྒྱུའི་དགོངས་གཞི་མེད་ཅིང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ཐད་ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་ཞུགས་སྐབས་རྒྱ་ནག་ཕྱོགས་ནས་བསམ་ཤེས་དང་འབད་བརྩོན་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་ནམ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་བཞུགས་པའི་དུས་ཤིག་སླེབས་སྐབས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་རྒྱ་ནག་ཕྱོགས་ལ་རོགས་རམ་བྱེད་མཁན་མི་སུ་གཅིག་མེད་པ་རེད་ཅེས་དང་ཉེ་ཆར་རྒྱ་ནག་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲི་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་སྐབས་སྲིད་འཛིན་གྱིས་བོད་ཀྱི་རྩ་དོན་ཐད་བཀའ་མོལ་གནང་བའི་སྐབས་དབྱང་ཅི་ཁྲི་ཡིས་བཙན་བྱོལ་གཞུང་གིས་རང་བཙན་རྩོད་ལེན་བྱེད་ཀྱི་ཡོད་པ་དང་རྒྱ་ཧན་མི་རིགས་ཚང་མ་བོད་ནས་ཕྱིར་འབུད་གཏོང་ཐབས་འབད་བརྩོན་བྱེད་ཀྱི་ཡོད་པའི་སྐོར་ཞུས་ཡོད་པ་དེ་ནི་གཞི་རྩ་རྩ་བ་ནས་མེད་པའི་སྐད་ཆ་ཞིག་ཡིན་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གིས་བོད་རྒྱའི་དཀའ་རྙོག་དེ་འཚེ་མེད་ཞི་བ་དང་རྒྱ་བོད་གཉིས་ཀར་ཁེ་ཕན་ཡོད་པའི་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་འབབ་འབད་བརྩོན་གནང་གི་ཡོད་པ་ནི་གསལ་པོ་ཡིན་ཞིང་མ་འོངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཨོ་སྦ་མ་དང་མཇལ་འཕྲད་གནང་རྒྱུའི་དུས་སྐབས་བྱུང་བའི་ཚེ་༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་གཞིར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ལས་དམིགས་བསལ་གྱི་བཀའ་མོལ་གསར་པ་གང་ཡང་གསུང་རྒྱུ་མེད་པ་ནི་གསལ་པོ་རེད་ཅེས་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎