༢༠༡༡ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར།

འདི་ལོའིབོད་ཀྱི་མཛངས་མའི་འགྲན་བསྡུར་དེ་སུས་སི་གྲོང་ཁྱེར་ཛུའུ་རིཀ་ནས་ཡིན་པའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་ལ་ཐོབ་འདུག

2011.06.06

༄༅༎ཕྱི་ལོ་ ༢༠༡༡ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་སུད་སི་གྲོང་ཁྱེར་ཛུའུ་རིཀ་ནས་ཡིན་པའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་ལ་ཐོབ་གནང་ཡོད་པ་རེད་ ལོ་ན་༡༩སོན་པའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་ཉེ་ཆར་སུད་སིའི་ཛུའུ་རིཀ་གྲོང་ཁྱེར་གྱི་སློབ་གྲ་ཞིག་ནས་འཛིན་རིམ་༡༠སློབ་ཐོན་གནང་ཟིན་མཚམས་ཡིན་པ་རེད་ རེས་གཟའ་སྤེན་པ་ཉིན་ཁོང་ལ་རྒྱ་གར་གྱི་གསར་ཤོག་རྒྱ་གར་གྱི་དུས་བབ་(Times of India)ཅེས་པས་བཅར་འདྲི་གནང་སྐབས་ཁོང་གིས་ཁོང་ལ་འདི་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ཐོབ་གནང་ན་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ཐོག་གོ་རྟོག་དེ་རྒྱ་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་ཅེས་ལན་འདེབས་གནང་འདུག

རེས་གཟའ་ཉི་མའི་ཉིན་མཛངས་མའི་འགྲན་བསྡུར་ཐོག་ཨང་རིམ་སྤྲོད་གནང་མཁན་རྣམས་ཀྱིས་ཁོང་ལ་འདྲི་བ་དེ་ལྟར་གནང་སྐབས་ཁོང་གིས་བོད་པའི་བུད་མེད་རྣམས་ཤེས་ཡོན་ལྡན་པ་དང་རྣམ་པ་ཡོད་པ་ཡོད་ནའང་ཁོང་རྣམས་པར་བོད་དོན་ཆེད་ཕྱག་ལས་ཡག་པོ་ཅིག་གནང་རྒྱུ་དང་མིག་དཔེ་བལྟ་ས་ཞིག་མ་ཟད་བོད་དོན་ཆེད་གོ་རྟོག་ལེགས་སུ་གཏོང་རྒྱུའི་ཆེད་ད་ཐེངས་ཀྱི་འགྲན་བསྡུར་དེའི་ནང་ཁོང་ཞུགས་པ་ཡིན་ཞེས་ལན་འདེབས་གནང་འདུག ཉེ་ཆར་གསར་དུ་འདེམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སངས་རྒྱས་ལགས་ཀྱིས་བོད་ཀྱི་མཛངས་མའི་འགྲན་བསྡུར་དེར་རྒྱབ་སྐྱོར་གནང་ཡང་དལྟའི་ལས་ཐོག་བཀའ་བློན་རྣམ་པ་སུའང་མཛངས་མའི་འགྲན་བསྡུར་དེ་གཟིགས་བར་ཕེབས་གནང་མེད་པ་རེད་ ཡང་གནས་ཚུལ་ནང་བཀོད་དོན་ལ་གཞིགས་ན་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་གོ་སྒྲིག་གནང་མཁན་བློ་བཟང་དབང་རྒྱལ་ལགས་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཡོད་སྐོར་རྒྱ་གར་གྱི་གསར་ཤོག་དེའི་ནང་བཀོད་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎