ཆེས་མཐོའི་ལྷན་ཚོགས་སར་བོད་པའི་སྐུ་ཚབ།

ཁ་སང་ཁ་ཊར་རྒྱལ་ནང་དུ་དབུ་འཛུགས་གནང་བའི་འཛམ་གླིང་གནམ་གཤིས་ཆེད་ཆེས་མཐོའི་ལྷན་ཚོགས་ཚོགས་བཞིན་པའི་སར་བོད་པའི་སྐུ་ཚབ་གཉིས་ཕེབས་ཐུབ་པ་བྱུང་འདུག

2012.12.05

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ནང་ཞིབ་འཇུག་གནང་མཁན་བསྟན་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་ཟླ་བ་འདིའི་ཚེས་༢ཉིན་ཁ་ཆེའི་ཡུལ་གྲུ་Qatar དུ་འབྱོར་གནང་ཡོད་པ་དང༌། འཛམ་གླིང་གནམ་གཤིས་ཀྱི་ཆེས་མཐོའི་ལྷན་ཚོགས་ཚུགས་ཡུན་གྱི་ཉིན་ལྔའི་རིང་ཁོང་རྣམ་གཉིས་ནས་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་གནད་དོན་སྐོར་དྲིལ་བསྒྲགས་གནང་རྒྱུ་དང༌། ཆུའི་འབྱུང་ཁུངས་བོད་ནས་ཡིན་པའི་གཙང་པོ་རྒྱུག་ཡུལ་གྱི་རྒྱལ་ཁབ་ཁག་དང་འབྲེལ་བ་བཙུགས་ཐུབ་རྒྱུའི་འབད་བརྩོན་གནང་གི་ཡོད་པ་རེད།

ཕྱི་ཚེས་༣ཉིན་Climate Change Studio ཞེས་པའི་ གནམ་གཤིས་འགྱུར་ལྡོག་ཁང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་སུ་གནས་འདྲི་ཞུས་ཡོད་ཅིང༌། ཁོང་གིས་ རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ནོར་འཁྲུལ་ཅན་གྱིས་བོད་ནང་གི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་མེད་པ་དང༌། རྒྱ་གཞུང་གིས་མ་འོངས་འཆར་གཞི་གསར་པ་ཁག་གིས་ ཆུ་འགོ་བོད་ལ་ཐུག་པའི་འཛམ་གླིང་གི་གཙང་པོ་ཆེ་ཁག་ལ་གནོད་འཚེ་མུ་མཐུད་གཏོང་རྒྱུ་ཡིན་པའི་གནས་ལུགས་དང༌། རྒྱ་ནག་གཞུང་གིས་བོད་ནང་གི་འབྲོག་པ་ཚོ་རྩ་ཐང་ཐོག་འཚོ་བ་བསྐྱལ་མ་བཅུགས་པར་བཙན་གཤེད་ཀྱིས་གཞིས་སྤོས་གཏན་སྡོད་བྱེད་དུ་འཇུགས་ཀྱི་ཡོད་པ་དེ་ཚོས་བོད་པའི་སྲོལ་རྒྱུན་གྱི་འཚོ་བ་བསྐྱལ་བཏང་ལ་དོ་ཕོགས་བཏང་གི་ཡོད་སྐོར་འགྲེལ་བརྗོད་གནང་བཞག།

Doha ནང་ཚུགས་བཞིན་པའི་འཛམ་གླིང་གནམ་གཤིས་ཀྱི་ཆེས་མཐོའི་ལྷན་ཚོགས་སར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་གི་མེད་པ་དང༌། བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་ཚོས་ལོ་རེ་ནས་ལོ་རེ་འཛམ་གླིང་གི་གནམ་གཤིས་དྲོད་ཚད་མཐོ་རུ་གཏོང་མཁན་སོ་ལའི་རྡུལ་རླངས་ཉུང་དུ་གཏོང་རྒྱུའི་ཁས་ལེན་བྱེད་ཀྱི་མེད་ནའང༌།  བོད་པའི་སྐུ་ཚབ་གཉིས་ནས་གོ་སྐབས་དེ་བཟུང་ནས་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་ངོ་སྤྲོད་གནང་ཐབས་གང་ཡོང་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎