བཀའ་ཁྲི་མཆོག་གི་ཨོ་སེ་ཌི་ལིའི་མཛད་འཕྲིན།

བཀའ་བློན་ཁྲི་པ་མཆོག་ཨོ་སེ་ཀྲེ་ལི་ཡའི་ནང་ཕེབས་ནས་ཡུལ་དེའི་མཐོ་རིམ་མི་སྣ་དང་མཇལ་འཕྲད་གནང་བ་སོགས་མཛད་རིམ་མི་ཉུང་བ་བསྐྱངས་འདུག

2012.07.03

བདུན་ཕྲག་གཅིག་ཙམ་རིང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་འགའ་ཤས་ནང་འཚམས་འདྲི་གཟིགས་བསྐོར་གནང་ཡོད་པ་དང་། ལྷག་པར་དུ་ཡུལ་དེའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་དང་མཇལ་འཕྲད་ཀྱིས་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་སོགས་འགྲེལ་བཤད་གནང་ཐུབ་པ་བྱུང་ཡོད་རེད་ལ་ཁོང་རྣམས་ནས་ཀྱང་བོད་དོན་ཐོག་སྔར་ལྷག་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བཀའ་བློན་ཁྲི་པ་མཆོག་གྲོང་ཁྱེར་དེ་དག་ནང་ཡོད་པའི་བོད་མི་ཚོ་དང་ཡང་མཇལ་གནང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་འཛིན་སྐྱོང་གནང་ཕྱོགས་སོགས་ཀྱང་སྐོར་ཡང་ངོ་སྤྲོད་དང་། མང་ཚོགས་ནས་འདྲི་བ་ཁག་ལ་བཀའ་ལན་གནང་བ་སོགས་ཀྱི་ལས་རིམ་མང་པོ་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་རེད། འདས་པའི་རེས་གཟའ་པ་སངས་ཉིན་མང་གཙོ་དང་། ནང་ཆོས། ཨེ་ཤ་ཡའི་མ་འོངས་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་ཡོད་པ་དང་། ཚོགས་འདུར་བཅར་མཁན་ཚོའི་འདྲི་བར་ལན་འདེབས་གནང་ཡོད་པ་རེད། ཡང་གསུངས་བཤད་དེ་བཞིན་ཚོགས་བཅར་བ་ཙམ་མ་ཡིན་པར་དྲ་རྒྱའི་བརྒྱུད་ནས་ཀྱང་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བསྐྲུན་ཡོད་པ་རེད། ཡང་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་མཇལ་འཕྲད་གནང་ཡོད་ཀྱང་ཡུལ་དེའི་སྲིད་བློན་དང་། ཕྱི་སྲིད་བློན་ཆེན་རྣམ་གཉིས་ནས་མཇལ་འཕྲད་མ་གནང་བ་དེར་དགོངས་ཚུལ་བཀའ་འདྲི་ཞུ་དུས་བཀའ་ཁྲི་མཆོག་གིས། ཨོ་སེ་ཀྲེ་ལི་ཡས་ཚོས་བཤད་སྲོལ་ཡོད་པ་ལྟར། ཐུག་འདོད་ཡོད་མཁན་ཚོར་ཐུག་རྒྱུ་དང་། ཐུག་འདོད་མེད་མཁན་ཚོར་ཡང་འཁོན་སེམས་གང་ཡང་མེད་ལ་དེ་ནི་ནང་ཆོས་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའི་གོ་སྐབས་སྤྲད་པ་ཡིན་ན་ང་ཚོས་ཐུག་འཕྲད་ཀྱིས་གྲོས་མོལ་བྱེད་ཀྱི་རེད་ཅེས་ཕྱོགས་ཕན་ཚུན་གཉིས་ཀའི་བསམ་ཚུལ་ཉན་ཐུབ་པ་ཡིན་ན་འོས་ཤིང་འཚམས་པ་ཡོང་གི་རེད་ཅེས་བཀའ་ལན་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎