འབྲི་ཆུའི་ཆུ་མཛོད་ཀྱི་དཀའ་ངལ།


2013.05.31
འབྲི་ཆུའི་ཆུ་མཛོད་ཀྱི་དཀའ་ངལ། འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད།
ཝི་ཀི་པི་ཌི་ཡ།

༄༅།    །རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་པའི་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་ཆེན་པོ་དེ་འཛུགས་སྐྲུན་བྱས་ནས་ལོ་ངོ་བཅུ་ཕྱིན་པའི་རྗེས།    ད་ཆ་ཆུ་མཛོད་དེའི་ཁོར་ཡུག་གི་གནས་སྟངས་དང་མི་དམངས་ཀྱི་འཚོ་གནས་བཅས་ལ་ཉེན་ཁ་དང་བློ་འཚབ་ཅན་དུ་གྱུར་ཡོད་པ་རེད།    འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་དེ་ནི།    འཛམ་གླིང་ནང་ནས་ཆུ་མཛོད་ཆེ་ཤོས་ཤིག་ཡིན་པ་དང་།    རྒྱ་ནག་གཞུང་གིས་ཆུ་མཛོད་ཆེན་པོ་དེ་ཡིས་རྒྱ་ནག་ནང་དུ་གློག་མཁོ་འདོན་རྒྱ་ཆེན་པོ་ཞིག་བྱ་རྒྱུའི་གྲ་སྒྲིག་ཡོད་ཀྱང་།    ད་ཆ་འཛུགས་སྐྲུན་དེའི་ཁོར་ཡུག་གནས་སྟངས་དང་།    མི་དམངས་འཚོ་གནས་ཀྱི་ཐོག་ལ་བློ་འཚབ་ཏུ་གྱུར་ཡོད་པ་ནི། རྒྱ་ནག་གཞུང་གིས་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་དེ་འཛུགས་སྐྲུན་གྱི་ཆེད་དུ་ས་གནས་དེའི་ནང་དུ་གནས་སྡོད་བྱེད་མཁན་མི་དམངས་ས་ཡ་གཅིག་དང་གྲངས་ཆུང་གཉིས་ལྷག་ས་གནས་གཞན་དུ་གནས་སྤོ་རུ་བཅུག་པའི་ཁར།    ས་གནས་དེའི་ནང་གི་གྲོང་ཚོ་དང་ས་ཁུལ་མང་པོ་ཆུའི་འོག་ཏུ་ཚུད་པ་དང། ཆུ་མཛོད་འོག་ཏུ་ས་ཁང་ཚུད་པའི་མི་དམངས་ཚོར་གཞུང་གིས་དཔལ་འབྱོར་གུན་གསབ་ཁང་པའི་རིན་གོང་ལྟར་མི་ཐོབ་པའི་ཁར།    མི་དམངས་སྐྱོ་པོ་སྟོང་ཕྲག་མང་པོ་དེ་རྣམས་ནི་མུ་མཐུད་ནས་དབུལ་ཞིང་ཕོངས་པའི་གནས་སྟངས་སུ་ལྷུངས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་དུ་གློག་གི་ནུས་ཤུགས་མཁོ་འདོན་བྱ་རྒྱུ་ཁོ་ནར་བསམ་བློ་བཏང་སྟེ་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་འཛུགས་སྐྲུན་བྱས་པ་དེ་ཡིས་རྡུལ་ཕྲན་ནུས་ཤུགས་ཀྱིས་གློག་མཁོ་འདོན་བྱས་པ་ལས་བྲི་ཆུ་འགག་གསུམ་གྱི་ཆུ་མཛོད་དེས་གློག་གི་ནུས་པ་མང་བ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ལས་ཁང་གིས། འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་དེ་ནས་ན་ནིང་ལོར་གློག་གི་ནུས་ཤུགས་ཚོུད་གཅིག་ལ་terawatt ༨༨ དང་གྲངས་ཆུང་༢ མཁོ་འདོན་བྱེད་ཐུབ་པ་བྱུང་བ་དེ་ནི་ཆུ་མཛོད་དེ་འཛུགས་སྐྲུན་བྱས་པའི་དམིགས་ཡུལ་ངོ་མ་ལས་ལྷག་པར་བྱུང་ཡོད་པའི་བསྔགས་བརྗོད་བྱས་ཡོད་པ་རེད། འོན་ཀྱང་ཆུ་མཛོད་དེ་ཡི་ཁ་ལུད་ནས་ཆུ་ལོག་གི་གནོད་འཚེ་ནི་ན་ནིང་སྡུག་ཤོས་བྱུང་ཡོད་པས་མ་ཟད། ཆུ་མཛོད་འཛུགས་སྐྲུན་འོག་ཏུ་ཚུད་པའི་ས་ཞིང་གི་བདག་པོ་མི་དམངས་རྣམས་མུ་མཐུད་ཉམ་ཐག་དུ་གནས་ཡོད་པ་ནི། ས་ཁང་འབྲི་ཆུ་འགག་གསུམ་གྱི་འཛུགས་སྐྲུན་འོག་ཚུད་པའི་ལས་མི་ཞིག་གིས་ཁོང་ལ་གཞུང་གིས་སྤྲད་པའི་ས་ཁང་གི་གུན་གསབ་ཉུང་བའི་རྐྱེན་གྱིས་གུན་གསབ་ལེན་རྒྱུ་དང་ལེན་བྱས་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎