ཟི་ཁྲོན་ཞིང་ཆེན་ཁོངས་སུ་ས་ཡོམ་གྱི་གནོད་འཚེ་ཕོག་སྲིད་པ།


2014.01.07
དེ་སྔོན་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ། པར། བོད་འབྱོར།
པར། བོད་འབྱོར།

མ་འོངས་བོད་ཀྱི་ས་མཚམས་དང་འབྲེལ་བའི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ས་ཡོམ་གྱི་གནོད་འཚེ་ཕོག་སྲིད་པ་ཉམས་ཞིབ་བྱས་འདུག
དེ་ཡང་ཨ་མི་རི་ཀའི Missouriམཐོ་སློབ་གྱི་ས་ཞིབ་རིགས་པ་ལིའུ་མིང་གིས་སྣེ་ཁྲིད་པའི་མཐོ་སློབ་དེའི་ས་གཤིས་ཉམས་ཞིབ་པ་ཚོས། མ་འོངས་འཛམ་གླིང་ནང་ས་ཡོམ་གྱི་གནོད་ཚབས་ཆེ་ཤོས་ཕོག་སྲིད་པའི་ས་ཁུལ་ཐོག་རྟག་དཔྱད་བྱས་པའི་ཟིན་ཐོ་འདོན་སྤེལ་བྱས་ཡོད་པའི་ནང་། སྤྱི་ལོ་༢༠༠༨དང་༢༠༡༣་ལོར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཡུལ་རྒྱ་ནག་གིས་བརྗོད་བཞིན་པའི་ཟི་ཁྲོན་ཞིང་ཆེན་གྱི་ཁུལ་དུ། མ་འོངས་བར་སླར་ཡང་འགུལ་ཚད་རིམ་པ་བདུན་ལྷག་ཅན་གྱི་ས་ཡོམ་རྒྱག་སྲིད་པའི་ཚོད་རྩིས་གནང་ཡོད་པ་རེད། སྤྱི་ལོ་༢༠༠༨ལོར་ཟི་ཁྲོན་ཞིང་ཆེན་ཝུན་ཁྲོན་ས་གནས་སུ་ས་ཡོམ་འགུལ་ཚད་རིམ་པ་བདུན་དང་གྲངས་ཆུང་དགུ་ཙམ་བརྒྱབ་ནས་མི་གྲངས་ཁྲི་བརྒྱད་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། དེ་ནི་སྤྱི་ལོ་༡༩༥༠ལོའི་རྗེས་རྒྱ་ནག་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པ་ཚབས་ཆེ་ཤོས་དེ་ཡིན་པ་དང་། དེ་བཞིན་ཕྱི་ལོ་༢༠༡༣ལོར་ཡང་ཟི་ཁྲོན་ཞིང་ཆེན་ལུའུ་ཧྲན་ས་གནས་སུ་ས་ཡོམ་འགུལ་ཤུགས་རིམ་པ་དྲུག་དང་གྲངས་ཆུང་དྲུག་ཅན་ཞིག་བརྒྱབ་ནས་མི་གྲངས་ཉིས་བརྒྱ་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད།   
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎