བཀའ་བློན་རྣམ་པས་ཡོ་རོབ་ལ་འཚམས་གཟིགས།


2013.12.03
ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་གྱི་རྒྱལ་ས་བྷོལ་ཛ་ནོར་རྟེན་གཞི་བྱས་པའི་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་དུ། བཀའ་བློན་རྣམ་པས་ཡོ་རོབ་ལ་མཚམས་གཟིགས།
པར། བོད་མིའི་སྒྲིག་འཛུགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་ལྔས་ཨེ་ཊ་ལེའི་རང་སྐྱོང་མངའ་ཁུལ་ཁག་གཅིག་གཙོས་ཡོ་རོབ་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།

དེ་ཡང་གནས་ཚུལ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང། ནང་སྲིད། དཔལ་འབྱོར། ཕྱི་དྲིལ། འཕྲོད་བསྟེན་བཅས་ལས་ཁུངས་ཁག་ལྔའི་བཀའ་བློན་རྣམ་པ་ཕྱི་ཟླ་༡༡་པའི་ཚེས་༢ ཉིན་ཨེ་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་Tyrol དང་། རང་སྐྱོང་མངའ་ཁུལ་ཏེ་རེན་ཏོའི་ནང་འཚམས་འདྲིར་ཕེབས་ཐོན་གནང་ཡོད་པ་དང་། ད་རེས་བཀའ་བློན་རྣམ་པ་ལྔའི་ལྷོ་Tyrol དང་དེའི་བྱང་ཕྱོགས་སུ་ཆགས་པའི་རང་སྐྱོང་མངའ་ཁུལ་ཏེ་རན་ཏོའི་ནང་གི་འཚམས་འདྲི་དེ་ནི་ལྷོ་Tytol ཡི་རྒྱལ་ས་བྷོལ་ཛ་ནོར་ནང་དུ་ཡོད་པའི་ཡོ་རོབ་ཤེས་ཡོན་ལྟེ་གནས་ཁང་གིས་གོ་བསྒྲིགས་ཞུས་པ་ཞིག་ཡིན་པ་དང།     བཀའ་བློན་རྣམ་པ་འཚམས་འདྲིར་ཕེབས་ཡུལ་གྱི་རང་སྐྱོང་གི་མངའ་ཁུལ་དེ་གཉིས་ནང་གི་རང་སྐྱོང་གི་གནས་བབ་སྤྱི་དང། ལྷག་དོན་མངའ་ཁུལ་དེ་གཉིས་ནི་ཡོ་རོབ་ཀྱི་རྒྱལ་ཁབ་Italy ཡི་འོག་ཏུ་རང་སྐྱོང་གི་ཐོབ་ཐང་ཇི་ལྟར་ལོངས་སུ་སྤྱོིད་བཞིན་ཡོད་པའི་སྐོར་གྱི་ཚོགས་འདུ་མང་པོ་ཞིག་གོ་བསྒྲིཌ་ཞུས་ཡོད་པའི་ཐོག་མཉམ་ཞུགས་གནང་གི་ཡོད་པ་རེད།    བཀའ་བློན་རྣམ་པས་Italy ཡི་མངའ་འོག་གི་རང་སྐྱོང་མངའ་ཁུལ་དེ་གཉིས་ནང་གི་འཚམས་འདྲི་གྲུབ་པའི་རྗེས་ཡོ་རོབ་ཀྱི་རྒྱལ་ཁབ་Belguim དང། France, Germany, Holland, སུད་སི་བཅས་ནང་འཚམས་འདྲིར་ཕེབས་ཏེ། ས་གནས་སོ་སོའི་བོད་མི་ཚོར་གསུང་བཤད་གནང་རྒྱུ་དང། སྐབས་དེར་ཕྱི་ཟླ་བཅིུས་པའི་ཚེས་༡༠ ཉིན་མོ་དེ་ནི། དེ་སྔ་༡༩༨༩ ལོའི་ཕྱི་ཟླ་བཅིུས་པའི་ཚེས་༡༠ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་གི་མཚན་སྙན་ཆེ་བའི་Nobel ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༤ འཁོར་བའི་དུས་ཚིགས་འཁེལ་བར་བརྟེན་ནས་བཀའ་བློན་རྣམས་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་གནང་གི་ཡོད་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎