བོད་ནང་གི་གནས་སྟངས་ལས་རྒྱ་ནག་གཡོལ་ཐབས་མེད་པ།

རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་དངོས་ཡོད་དཀའ་སྡུག་གླེང་བཞིན་པ་ལས་རྒྱ་ནག་གཡོལ་ཐབས་མེད་པའི་དཔྱད་གཏམ་སྤེལ་འདུག།

2012.06.18

ཉེ་བའི་ཆར་བོད་ནང་གི་བོད་མི་མང་པོས་བོད་དོན་ཆེད་མུ་མཐུད་རང་ལུས་མེར་སྲེག་གཏོང་བཞིན་ཡོད་པའི་ཛ་དྲག་གནས་སྟངས་ལ་འཛམ་གླིང་ཡུལ་གྲུ་གང་སར་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་རེད། དེ་དང་མཉམ་རྒྱུན་དུ་རྒྱ་ནག་གིས་ཕྱི་རྒྱལ་ཡུལ་ཁག་ཚོར་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་ན་འགྲིག་གི་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ནའང༌། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་དཀའ་ངལ་གནས་སྟངས་གླེང་སློང་གནང་གི་ཡོད་པར་རྒྱ་ནག་གིས་དེ་ལ་གཡོལ་ཐབས་བྱ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ Scotland གྱི་གསར་ཤོག་Scotsman ནང་དཔྱད་གཏམ་ཞིག་སྤེལ་ཡོད་པ་རེད།
རྒྱ་ནག་གིས་བོད་ནང་གི་དཀའ་རྙོག་ཇེ་ཆེར་འགྲོ་བཞིན་པ་དེ་སེལ་ཐབས་བྱེད་དགོས་ཞེས་འགོ་བརྗོད་དུ་འཁོད་པའི་དཔྱད་རྩོམ་དེའི་ནང༌། བོད་ནང་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་འོག་གནས་སྟངས་ཡག་པོ་མེད་པར་ངོ་རྒོལ་ཆེད་གཞོན་སྐྱེས་དགེ་འདུན་པ་དང་། བཙུན་མ། མི་སྐྱ་ཕོ་མོ་མང་པོས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་མེར་བསྲེག་བཏང་དང་གཏོང་བཞིན་པ་ནི། བོད་མཐོ་སྒང་གི་གནས་སྟངས་མུན་ནག་ཅན་དང༌། རེ་ཐག་ཆད་པ་ཞིག་ཆགས་ཡོད་པའི་གནས་སྟངས་གསལ་སྟོན་བྱས་བ་རེད་ཅེས་དང་། ད་དུང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་སྐོར་ཕྱི་བསྒྲགས་བྱེད་བཞིན་པ་ནི་དོན་དངོས་མ་ཡིན་པ་གསལ་བོ་ཆགས་པ་དང་། བོད་ནང་གི་བོད་མི་ཚོའི་བྱེད་སྟངས་དེར་རྒྱ་ཆེ་ས་ནས་དཔྱད་པ་བྱས་ཏེ། ད་ལྟའི་སྐབས་འདིར་བོད་ནང་ཕྱོགས་གང་ཐད་ནས་དཀའ་ངལ་ཆེན་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་པ་དང་། རྒྱ་ནག་དེ་ལས་གཡོལ་ཐབས་བྱ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ་རེད་ཅེས་འཁོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎