༸གོང་ས་མཆོག་གང་མགྱོགས་སྨན་ཁང་ནས་ཕྱིར་ཕེབས་རྒྱུ།

༸གོང་ས་མཆོག་ད་ཆ་སྐུ་ཁམས་ཀྱི་གནས་སྟངས་ཧ་ཅང་གི་ཡག་པོ་ཡོད་པར་བརྟེན་གང་མགྱོགས་སྨན་ཁང་ནས་ཕེབས་ཐོན་གནང་གི་ཡོད་པ་རེད།

2008.10.12

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་པ་སངས་ཉིན་མཁྲིས་རྡོ་གཤག་བཅོས་གྲུབ་ཏེ་ཉིན་གྲངས་གསུམ་ཕེབས་ཀྱི་ཡོད་པ་དང་སྐུ་ཁམས་ཀྱི་གནས་སྟངས་ཧ་ཅང་གི་ཡག་པོ་ཡོད་པར་བརྟེན་གང་མགྱོགས་སྨན་ཁང་ནས་ཕེབས་ཐོན་གནང་གི་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཟླ་བརྒྱད་པའི་ནང་སྐུ་ཁམས་བདེ་མིན་གྱིས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་སྨན་ཁང་དུ་སྐུ་གཟུགས་འཕྲོད་བཞེས་ཀྱི་བརྟག་དཔྱད་གནང་བའི་རྗས་ཟླ་བ་འདིའི་ཕྱི་ཚེས་བཅུ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གང་ག་རམ་སྨན་ཁང་དུ་འཁྲིས་རྡོ་གཤག་བཅོས་གནང་ཡོད་ཅིང་རེས་གཟའ་སྤེན་པའི་ཉིན་སྨན་ཁང་དེས་ནས་༸གོང་ས་མཆོག་གི་སྐུ་ཁམས་ཡག་པོ་ཡོད་པ་དང་ཉིན་མ་གཅིག་གཉིས་ནང་ལ་སྨན་ཁང་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་གསུངས་ཡོད་པ་མ་ཟད་སྐུ་སྒེར་ཡིག་ཚང་གི་མགྲིན་ཚབ་པ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་ཕེ་རན་སི་གསར་འགོད་པར་༸གོང་ས་མཆོག་གཤག་བཅོས་གནང་བ་དང་སྐྱེས་མགྱོགས་པོ་ཡང་བཞིན་པ་དང་ཕལ་ཆེར་རེས་གཟའ་ཟླ་བ་འམ་ཡང་ན་མིག་དམར་ཉིན་སྨན་ཁང་ནས་ཕེབས་ཐོན་གནང་སྟེ་གཟའ་འཁོར་གཅིག་རིང་མུ་མཐུད་སྐུ་ཁམས་བརྟག་དཔྱད་ཀྱི་ཆེད་དུ་གྲོང་ཁྱེར་ལྡི་ལིའི་ནང་བཞུགས་ཞག་གནང་རྒྱུ་ཡིན་ཞིང་དེ་རྗེས་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་གནང་སྟེ་སྔོན་གྱི་མཛད་འཆར་ལྟར་ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱང་རྒྱུ་མ་ཟད་ཆོས་འབྲེལ་གྱི་མཛད་འཆར་ཁག་དབུ་བཙུགས་གནང་རྒྱུའི་འཆར་གཞི་ཡོད་པ་དང་ཡིན་ནའང་ད་ལྟའི་ཆར་༸གོང་ས་མཆོག་སྐུ་ངལ་གསོ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎