ཧུའུ་ཅིན་ཐའོ་ཡི་དྲུང་ཡིག་ཟུར་བར་ཁྲིམས་ཞིབ་ཕོག་འདུག
2014.12.24

རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཧུའུ་ཅིན་ཐའོ་ཡི་དྲུང་ཡིག་ལིང་ཅེ་ཧཱའ་ཡིས་སྒྲིག་ཁྲིམས་ལས་ཚབས་ཆེ་འགལ་དོན་ལ་ཁྲིམས་ཞིབ་ཕོག་འདུག
དེ་ཡང་རྒྱ་ནག་མི་མང་ཆབ་སྲིད་གྲོས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་གཙོ་གཞོན་པ་དང་། རྒྱ་ནག་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ལིང་ཅེ་ཧཱའ་Ling Jihuaཡིས་སྒྲིག་ཁྲིམས་ནས་ཚབས་ཆེར་འགལ་དོན་གྱིས་ད་ལྟ་གུང་ཁྲན་ཏང་རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་ཀྱི་ཡོད་འདུག ལིང་ཅེ་ཧཱའ་ནི་སྐབས་གོང་མའི་གུང་ཁྲན་ཏང་གི་འགོ་ཁྲིད་ཧུའུ་ཅིན་ཐའོ་ཡི་དྲུང་ཡིག་ཡུན་རིང་བྱས་ཤིང་། ཧུའུ་ཅིན་ཐའོ་དང་གཅིག་མཚུངས་གཞོན་ནུ་ཚོགས་པའི་བབས་ཁུངས་ཡིན་པ་དང་ཧུའུ་ཅིན་ཐའོ་ཡིས་གཙིགས་ཐོངས་ཆེན་པོ་བྱ་ཡུལ་གྱི་མི་ཞིག་ཡིན་པ་རེད། ཡིན་ནའང་ལིང་ཅེ་ཧཱའ་ཡི་བུ་ལིང་ཀུའུ་ཡུ་སྤྱི་ལོ༢༠༡༢་ཟླ་༣་པའི་ནང་མོ་ཊ་བརྡབས་སྐྱོན་གྱི་དོན་རྐྱེན་ནང་རྐྱེན་འདས་ཕྱིན་པའི་སྐབས་དེར་ལིང་ཅེ་ཧཱའ་ཡིས་སྐུ་སྲུང་དམག་བཏང་སྟེ་གནས་ཚུལ་བྱུང་ཡུལ་བཀག་བསྡོམས་བྱས་ཏེ་དམིགས་བསལ་དབང་ཆ་བེད་སྤྱོད་བྱས་པ་དང་འབྲེལ་དུས་རྒྱུན་རྒྱས་སྤྲོས་ཀྱི་འཚོ་བ་སྐྱེལ་བ་སོགས་ཀྱིས་གུང་ཁྲན་ཏང་སྒྲིག་འཛུགས་ཀྱིས་མི་འདོད་པ་ཆེན་པོ་བྱུང་གཞི་ཆཌ་པ་རེད། ཕྱོགས་མཚུངས་གནས་ཚུལ་དེ་དང་འབྲེལ་ནས་ལིང་ཅེ་ཧཱའ་དང་ཀྲའོ་ཡུང་ཁའང་། པོའོ་ཤིའི་ལའེ་བཅས་གསུམ་པོ་ཆབ་སྲིད་མནའ་འབྲེལ་ཡིན་པའི་གནས་ཚུལ་ཐོན་ཏེ་ལིང་ཅེ་ཧཱའ་ཡི་ཆབ་སྲིད་མདུན་ལམ་ལ་འགོག་རྐྱེན་ཆཊ་པ་རེད། ལིང་ཅེ་ཧཱའ་ཁོང་ཉིད་དེའི་སྔོན་རྒྱ་ནག་གུང་ཁྲན་ཏང་ནང་དབུས་གཞུང་དོན་ཁང་གི་འགན་འཛིན་བྱེད་རིང་སྤྱི་ཁྱབ་གཉེར་ཆེན་ཞེས་འབོད་སྲོལ་ཆཌ་ཏེ་སྐབས་ཤིག་རིང་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཀྱི་འོས་མིར་ཚུད་ངེས་ཀྱི་གྲས་ཤིག་ཆཊ་མྱོང་ཡོད་པ་རེད། ལིང་ཅེ་ཧཱའ་ཡི་ཕ་ནི་དེ་སྔ་ཧྲན་ཤི་ཞིང་ཆེན་གྱི་ཁྲུའུ་རིམ་པའི་ལས་བྱེད་ཅིག་ཡིན་པ་དང་། ཕྲུ་གུ་བུ་བཞི་དང་བོུ་གཅིག་ཡོད་པ་ནས་ལང་ཅ་ཧའ་ནི་བུ་གསུམ་པ་དེ་ཡིན་པ་རེད
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།