རྒྱ་ནག་ཧྲན་ཤེའི་ལ་འབར་རྫས་གས་ཐོར་གྱི་དོན་རྐྱེན།
2013.11.06
རྒྱ་ནག་ཧྲན་ཤིའི་ཐའེ་ཡོན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་ལས་ཁུངས་ཕྱི་ལ་འབར་རྫས་གས་ཐོར་བྱུང་ནས་མི་གཅིག་ལ་སྲོག་སྐྱོན་བྱུང་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་བྱང་ཕྱོགས་ཧྲན་ཤིའི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐའེ་ཡོན་ནང་གི་དམར་ཤོག་ཚོགས་པའི་ལས་ཁུངས་ཀྱི་ཕྱི་ལ་འབར་རྗས་གས་ཐོར་བྱུང་ནས་ཉུང་མཐར་ཡང་མི་གཅིག་ལ་སྲོག་སྐྱོན་བྱུང་ཡོད་པ་དང་། རྒྱ་ནག་གི་ཉེན་རྟོག་པ་དང་རྒྱ་ནག་གཞུང་འབྲེལ་གསར་ལམ་གྱིས་གོང་ཞུས་དོན་རྐྱེན་དེའི་རྒྱབ་ལ་སུ་ཞིག་ཡོད་མེད་སྐོར་གནས་ཚུལ་ཕྱིར་བསྒྲགས་བྱས་མི་འདུག འོན་ཀྱང་ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་ས་ཁུལ་གཞན་འགའ་ཤས་ནང་འདོད་བློ་མ་ཁེངས་པའི་མི་སེར་ཚོས་དེ་ལྟར་བྱས་པའི་གནས་ཚུལ་བྱུང་ཡོད། རྒྱ་ནག་གཞུང་གིས་དྲག་འཐབ་མཁན་གྱི་གཏོར་རྒོལ་ཡིན་པར་དོགས་པ་བྱེད་སའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྣུམ་འཁོར་འབར་གས་བཏང་ནས་བདུན་གཅིག་ལྷག་ཕྱིན་མེད་པའི་མཚམས་དེར་གོང་ཞུས་གཏོར་རྒོལ་དེ་བཏང་བ་དང༌། ཉིན་ཤས་རྗེས་པེ་ཅིང་དུ་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོའི་ཚོགས་འདུ་ཞིག་ཀྱང་འཚོགས་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་དེང་སྐབས་ཡུལ་གྱི་ནང་ཞི་བདེ་སྲ་བརྟན་ཡོང་ཐབས་སུ་རྒྱལ་ནང་སྲུང་སྐྱོབ་ཐོག་འགྲོ་གྲོན་ཤུགས་ཆེ་བཏང་གི་ཡོད་ནའང༌། མི་མང་ཚོས་ལོ་གཅིག་ནང་གཞུང་གི་སྲིད་ཇུས་འདྲ་མིན་ཁག་ལ་ངོ་རྒོལ་ཆེ་ཆུང་འདྲ་མིན་ཐེངས་ཆིག་ཁྲི་བརྒྱད་སྟོང་ཙམ་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།