བལ་ཡུལ་གྱིས་ཇོ་མོ་གླང་མའི་སྟེང་རི་འཛེགས་པ་བཏང་བ།

བལ་ཡུལ་གཞུང་གིས་བར་ལམ་ཇོ་མོ་གླང་མའི་སྟེང་རི་འཛེགས་པ་རྣམས་བཀག་འགོག་བྱས་པ་ནི་བསྐྱར་དུ་གཏང་རྒྱུ་འགོ་བཙུགས་འདུག

2008.05.09

༄༅༎བལ་ཡུལ་གཞུང་གིས་རྒྱ་ནག་གི་ ཨོ་ལིམ་པིཀ རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་ཇོ་མོ་གླང་མའི་རི་རྩེར་འཁྱེར་བའི་བྱེད་སྒོ་རེས་གཟའ་ཕུར་བུའི་ཉིན་ཚར་བའི་རྗེས་ཕྱི་རྒྱལ་རི་འཛེགས་པ་རྣམས་ཇོ་མོ་གླང་མའི་རེ་འཛེགས་ཀྱི་སྒོ་མོ་འབྱེད་ཡོད་པ་རེད། བར་ལམ་རྒྱ་ནག་གི་ ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་བར་རྒྱལ་སྤྱིའི་ནང་བསྐོར་བསྐྱོད་བྱས་པའི་སྐབས་བོད་མི་དང་

བོད་དོན་རྒྱབ་སྐྱོར་གནང་མཁན། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ཇོ་མོ་གླང་མའི་རི་

རྩེར་དཔལ་འབར་འཁྱེར་བའི་སྐབས། ངོ་རྒོལ་གྱི་ལས་འགུལ་རིགས་འགོག་ཐབས་ཀྱི་ཆེད་དུ་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་དེ་བལ་ཡུལ་ཕྱོགས་ནས་ཇོ་མོ་གླང་མའི་རི་འཛེགས་ཀྱི་འགྲོ་ལམ་རྣམས་ཉིན་གྲངས་དགུའི་རིང་བཀག་འགོག་བྱས་ཏེ། ད་ཆ་རྒྱ་ནག་གི་ ཨོ་ལིམ་པིཀ དཔལ་འབར་ཇོ་མོ་གླང་མའི་རི་རྩེར་འཁྱེར་བའི་བྱེད་སྒོ་ཚར་བ་ལྟར་ད་རིང་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ དྷི་ནེཤ་ ཨདྷི་ཀ་རི་ ཡིས་ད་བར་བལ་ཡུ

ལ་ཕྱོགས་ནས་ཇོ་མོ་གླང་མའི་རི་འཛེགས་བྱ་རྒྱུར་བསྒུག་སྡོད་བྱས་མཁན་གྱི་རི་འཛེགས་པར་རྣམས་རི་འཛེགས་ཀྱི་ཐོན་བསྐྱོད་བྱ་རྒྱུར་སྒོ་མོ་འབྱེད་ཡོད་པའི་སྐོར་གསུངས་ཡོད་རེད། ཇོ་མོ་གླང་མའི་རི་འཛེགས་པ་བརྒྱ་ཕྲག་འགའ་ཤས་ཕྱི་ཟླ་ལྔ་པའི་ཚེས་ ༡ ནས་རི་གཤམ་གྱི་འབབ་ཚུགས་སུ་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔལ་འབར་རི་རྩེར་འཁྱེར་རྒྱུའི་བྱེད་སྒོ་ཚར་རྒྱུར་བསྒུགས་སྡོད་བྱས་ཏེ། རི་འཛེགས་ཀྱི་གནམ་དུས་སུ་ཡག་ཤོས་ཀྱི་དུས་ཚོད་ཡོལ་འགྲོ་རྒྱུའི་བློ་འཚབ་བྱུང་ཡོད་པ་རེད། སྤྱིར་བཏང་བལ་ཡུལ་གཞུང་གིས་ལོ་ལྟར་བཞིན་ཇོ་མོ་གླང་མའི་རི་འཛེགས་ཀྱི་གནམ་དུས་ཡག་ཤོས་དཔྱིད་ཀའི་དུས་ཚོད་དེའི་སྐབས་རི་

འཛེགས་པ་ ༢༩༠ རུ་ཁག ༣༢ ལ་ཆ་བགོས་བྱས་ཏེ་རི་འཛེགས་ཆོག་པའི་ཆོག་མཆན་སྤྲོད་སྲོལ་ཡོད་པ་དང་། ད་ལོའི་རི་འཛེགས་རྣམས་ད་རིང་གཞི་ནས་རི་གཤམ་གྱི་འབབ་ཚུགས་ནས་ཐོན་བསྐྱོད་བྱེད་ཀྱིས་ཡོད་ནའང་། རི་འཛེགས་ཀྱི་གནམ་དུས་ཡག་ཤོས་དེ་བཞིན་ཉིན་ཤས་རྗེས་ཡོལ་འགྲོ་གི་ཡོད་པར་བརྟེན་རི་རྩེར་བར་སླེབས་ཐུབ་མིན་གྱི་བློ་དོགས་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎