༧གོང་ས་མཆོག་དང་གྲོས་མོལ་ཞུ་རྒྱུའི་བསམ་འཆར་འདོན་རྒྱུ།


2014.01.31
རིང་མིན་རྒྱ་ནག་པེ་ཅིན་ལ་ཨ་རིའི་གཞུང་ཚབ་ཆེན་མོར་འགྲོ་མཁན་སྐུ་ཞབས་Max Baucus ཨ་རིའི་གཞུང་ཚབ་ཆེན་མོར་འགྲོ་མཁན་གྱིས་གསུངས་འདུག
པར། བོད་མིའི་སྒྲིག་འཛུགས།

རྒྱ་ནག་གིས་༧གོང་ས་མཆོག་དང་གྲོས་མོལ་དགོས་པའི་བསམ་འཆར་འདོན་རྒྱུ་ཡིན་པ་ཨ་རིའི་གཞུང་ཚབ་ཆེན་མོར་འགྲོ་མཁན་གྱིས་གསུངས་འདུག
དེ་ཡང་རྒྱ་ནག་ཏུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་གནང་རྒྱུའི་མིང་འདོན་བྱུང་བ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Max Baucusམཆོག་ནས། ཕྱི་ཟླ་དང་པོའི་ཚེས་༢༨ཉིན་གྲོས་ཚོགས་གོང་མའི་ཕྱི་དྲིལ་ལས་དོན་ཚོགས་ཆུང་དུ་ལས་དོན་ཞུ་ཚིག་གནང་བའི་སྐབས། བོད་དང་ཤིན་ཅང་ས་གནས་ནང་དུས་ཡུན་རིང་པོའི་ནང་བརྟན་ལྷིང་མེད་པའི་གནས་སྟངས་དེ་སེལ་ཐབས་སུ། རང་དབང་ལྡན་པའི་དམངས་ཁྲོད་ཀྱི་ཚོགས་པ་ཞིག་ནས་ས་གནས་དེ་གཉིས་ནང་གི་གནས་སྟངས་ཐོག་ཞིབ་འཇུག་གི་ལས་དོན་སྤེལ་རྒྱུའི་འགན་ཁུར་འཁྱེར་ནས་ས་གནས་ནང་གི་གནས་སྟངས་ཞི་འཇམ་ཡོང་ཐབས་འབད་བརྩོན་གནང་རྒྱུ་རྒྱ་ནག་གཞུང་གིས་དཔོན་རིགས་ཚོར་གྲོས་འགོ་འདོན་གནང་རྒྱུ་མ་ཟད།  ༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་གང་རུང་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་འོག་རྒྱ་ནག་གཞུང་གིས་གྲོས་མོལ་སླར་གསོ་གནང་རྒྱུའི་སྐུལ་མ་གནང་རྒྱུ་ཡིན་པ་གསུང་འདུག  སྐུ་ཞབས་Max Baucus མཆོག་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ཚུད་པའི་འགྲོ་བ་ མིའི་ཐོབ་ཐང་ཐོག་བསམ་གཞིགས་བྱ་རྒྱུ་དེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་ཅིང་།  དེའི་གོང་ཁོང་རྒྱ་ནག་དུ་ཕེབས་པའི་སྐབས་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ལ་བོད་མི་ཆབ་སྲིད་བཙོན་པ་ཞིག་བཙོན་ཁང་ནས་གློད་འགྲོལ་གཏོང་རྒྱུའི་འབོད་སྐུལ་གནང་བ་བཞིན་མི་རིང་བར་བོད་མི་དེ་གློད་གྲོལ་བྱུང་ཡོད་པའི་སྐོར་ཟུར་སྟོན་གནང་འདུག   
ད་ལོ་དགུང་གྲངས་༧༢ལ་ཕེབས་ཀྱི་ཡོད་པ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Max Baucus ནི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མིའི་གྲས་ཤིག་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་གོང་མའི་ནང་འཐུས་མི་གནང་མཁན་དུས་ཡུན་རིང་ཤོས་ཀྱི་གྲས་ཤིག་ཀྱང་ཡིན་པ་རེད། གཟའ་འཁོར་རྗེས་མ་ནས་སྐུ་ཞབས་Baucusཡིས་ཨ་རིའི་རྒྱ་ནག་གི་ནང་གི་གཞུང་ཚབ་ཆེན་མོའི་ཐུགས་འགན་བཞེས་རྒྱུ་ཡིན་འདུག
གསར་འགོད་པ་འཆི་མེད།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎