རྒྱ་ནག་གཞུང་གིས་མདོ་སྨད་རྨ་ལྷོ་ཁུལ་དུ་དམ་བསྒྲགས།

བོད་དོན་ཆེད་སྐུ་ལུས་མེར་བསྲེགས་གཏོང་མཁན་མང་པོ་བྱུང་སའི་བོད་ཤར་ཕྱོགས་མདོ་སྨད་རྨ་ལྷོ་ཁུལ་དུ་རྒྱ་ནག་གཞུང་གིས་མུ་མཐུད་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་རེད་འདུག

2012.12.31

རྨ་ལྷོ་

དེ་ཡང་གནས་ཚུལ་ལྟར་ན། ས་གནས་རྒྱ་གཞུང་གི་འཛིན་སྐྱོང་དཔོན་རིགས་ཚོས་རོང་བོ་དགོན་ཆེན་ཡོད་སའི་རེབ་གོང་ས་གནས་ནང་ཕྱི་རྒྱལ་མི་རིགས་འཛུལ་བསྐྱོད་བྱེད་མ་ཐུབ་པ་བཟོ་ཕྱིར་མི་མང་འཛོམས་སའི་ས་ཁུལ་ཁག་ཚང་མར་རྒྱ་མིའི་ཉེན་རྟོག་པ་མང་དུ་བཏང་ནས་དཔུང་དམག་གིས་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། དེ་ནི་ཉེ་ཆར་ཕྱི་རྒྱལ་གསར་འགོད་པ་གཉིས་ཁུལ་དེའི་ནང་འཛུལ་ཐུབ་ཡོད་པས་ཡིན་འདུག

Huffington Post གསར་ཤོག་གིས་ལུང་འདྲེན་བྱས་པའི་ནང༌། རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བསྐྱར་དུ་མི་ཡོང་བའི་དོན་དུ་ མེ་རྫས་རིགས་ལ་དམ་དྲག་དང༌། ས་གནས་བོད་མིའི་ཐོག་མྱུལ་ཞིབ། རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ལ་སྐྱོན་བརྗོད་བྱེད་མཁན་དྲིལ་བསྒྲགས་ཚོགས་ཆུང་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད། དེ་དང་ཕྱོགས་མཚུངས་རྒྱ་མིའི་འཛིན་སྐྱོང་མི་སྣས་ས་གནས་བོད་མི་ཚོས་ཕྱི་ཕྱོགས་ཀྱི་གསར་འགྱུར་བལྟ་ཉན་ཐུབ་པའི་སྲུང་སྐར་སྡེར་མ་ཁག་གཞུང་བཞེས་འཕྲོག་ལེན་བྱ་རྒྱུ་དང༌། གསར་འགྱུར་ཕབ་ལེན་ཐུབ་པའི་འཕྲུལ་ཆས་རིགས་ཚོང་སྒྱུར་བྱེད་མཁན་གྱི་ཚོང་ལས་ཚང་མ་ཞིབ་གཤེར་དེབ་སྐྱེལ་བྱ་རྒྱུ། དགོན་སྡེ་ཁག་གི་ནང་བརྙན་འཕྲིན་༣༠༠༠བརྗེ་ལེན་བྱ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་པ་རེད།

ཡང་དེ་བཞིན་རེ་ཊར་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང༌། རྒྱ་གཞུང་གི་དཔོན་རིགས་ཚོས་བོད་ཀྱི་དགོན་སྡེ་ཁག་༣༠༠ནང་ནས་བརྙན་འཕྲིན་ཚང་མ་གཞུང་བཞེས་འཕྲོག་ལེན་བྱས་པ་དང༌། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་ལས་རིམ་རྒྱང་སྲིང་བྱེད་མཁན་སྲུང་སྐར་སྡེར་མ་ཚང་མ་བཀོག་ལེན་བྱས་ཡོད་ཅིང༌། ཧོང་ནན་ཞིང་ཆེན་ནང་སྤྱི་ཚོགས་བདེ་འཇགས་དམ་འཛིན་བྱ་རྒྱུའི་དུས་ཚོད་འགག་རྩ་ཅན་དེའི་སྐབས་སུ་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ནུས་ཤུགས་ཆེ་རུ་གཏོང་དགོས་རྒྱུ་དང༌། ལྷག་པར་དུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མེད་པ་བཟོ་རྒྱུའི་དམག་འཐབ་ཤུགས་ཆེ་རུ་གཏོང་དགོས་ཀྱི་རེད་ཅེས་རྒྱ་གཞུང་གིས་བརྗོད་འདུག།

ཟླ་བ་སྔོན་མར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་རྨ་ལྷོ་ཁུལ་དུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་སྐོར་གཞུང་ལ་བརྡ་ལན་སྤྲོད་མཁན་བྱུང་ཚེ་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་ཀྱང་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎