བལ་ཡུལ་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱས་པ།

བལ་ཡུལ་ནང་གི་བོད་མི་ཚོས་བོད་ནང་བོད་མིའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་བྱས་ཡོད་འདུག

2008.05.06

༄༅༎བལ་ཡུལ་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ལ་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས། སླར་ཡང་བཙུན་མ་དང་དགེ་འདུན་པ་གཙོས་པའི་བོད་མི་བརྒྱ་ལྷག་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། ད་རིང་བོད་མི་ངོ་རྒོལ་བྱས་མཁན་གྱི་སྣུམ་འཁོར་ བྷས྄ ་གསུམ་བལ་ཡུལ་རྒྱལ་ས་ཀཊ་མན་ཌུའི་ནང་ཡོད་པའི་རྒྱ་མིའི་གཞུང་ཚབ་ཁང་རྙིང་པའི་མདུན་དུ་ངོ་རྒོལ་བྱས་པར་འགྲིམས་འགྲུལ་བྱས་པའི་སྐབས། བལ་པོའི་ཉེན་རྟོག་པས་ཁོང་རྣམས་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་མ་སླེབས་གོང་ནས་བཀག་འགོག་བྱས་ཏེ། ཁྱོན་བོད་མི་ ༡༠༠ ལྷག་ཙམ་ཞིག་འཛིན་བཟུང་བྱས་ཡོད་པའི་སྐོར་བལ་པོའི་མཐོ་རིམ་ཉེན་རྟོག་དཔོན་རིགས་ ཧོམ་ ཇུང་ ཅའུ་ཝན་ གྱིས་གསུངས་ཡོད་པ་རེད། དེ་མིན་གྱི་གོམ་བགྲོད་བྱས་ཏེ་ངོ་རྒོལ་བྱེད་པར་བསྐྱོད་མཁན་གྱི་བོད་མི་ཚོས་སྣུམ་འཁོར་ བྷས྄་ ནང་ཡོད་པའི་བོད་མི་རྣམས་བལ་པོའི་ཉེན་རྟོག་པས་བཀག་འགོག་བྱས་པའི་གནས་ཚུལ་བཏང་བའི་སྐབས། ཁོང་ཚོས་བོད་ནང་རྒྱ་ནག་གཞུང་གིས་མི་བསད་ཁྲག་སྦྱོར་གྱི་བྱ་སྤྱོད་མཚམས་འཇོག་བྱ་དགོས་ཞེས་སྐད་འབོད་འགོ་བཙུགས་བྱས་ཡོད་པ་རེད། ཉིན་ལྟར་བཞིན་ལས་འགུལ་ལ་མཉམ་ཞུགས་གནང་མཁན་ཉི་མ་སྒྲོལ་དཀར་ལགས་ཐེངས་ ༢༠ ་ལྷག་འཛིན་བཟུང་བྱས་ཟིན་ཡོད་ཀྱང་། ད་དུང་ཁོང་གིས་བོད་ནང་བོད་མིའི་ཐོག་དྲག་གནོན་དང་༸གོང་ས་མཆོག་ལ་མཚན་དམས་མཚམས་འཇོག་མ་བྱེད་བར་དུ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎