རྒྱལ་ཐང་མེ་སྐྱོན་དང་འབྲེལ་ནས་བུད་མེད་ཞིག་འཇུ་བཟུང་།


2014.01.21
རྒྱལ་ཐང་ཤམ་བྷ་ལ་གནའ་བོའི་གྲོང་ལ་མེ་སྐྱོན་ཤོར་བཞིན་པའི་སྐབས། རྒྱལ་ཐང་ཤམ་བྷ་ལ་གནའ་བོའི་གྲོང་ལ་མེ་སྐྱོན་ཤོར་འདུག
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

 

 

 

 

 

 

 

 

 

 

 

 

ཡུན་ནན་རྒྱལ་ཐང་རྫོང་གི་བོད་མིའི་གནའ་བོའི་གྲོང་ཚོ་ཤམ་བྷ་ལའི་མེ་སྐྱོན་དང་འབྲེལ་བུད་མེད་ཞིག་འདྲི་ཞིབ་ཆེད་འཇུ་བཟུང་བྱས་འདུག
དེ་ཡང་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་དོན། ཡུན་ནན་རྒྱལ་ཐང་གི་མེ་སྐྱོན་དེ་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དེའི་ནང་ཡོད་པའི་རུ་ཡི་མགྲོན་ཁང་ཞེས་བའི་བེུད་ཁང་གཉེར་བ་ཏང་ཡིང་ཟེར་བ་དེས་གློག་ཐབ་བེད་སྤྱོད་བྱས་རྗེས། གསོད་རྒྱུ་བརྗེད་རྐྱེན་མེ་སྐྱོན་བྱུང་བ་ཡིན་པ་དྭོགས་གཞི་བྱེད་བཞིན་ཡོད་པ་དང་འདྲི་ཞིབ་ཆེད་ཁོ་མོ་འཇུ་བཟུང་བྱས་འདུག རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་གཞིར་བཟུང་ལྟར་ན། ཕྱི་ཟླ་༡ ཚེས་༡༡ གྱི་སྔ་དྲོ་མེ་སྐྱོན་བྱུང་བའི་འོག་སྡོད་ཁང་༣༤༣ ཙམ་དང་གནའ་བོའི་དངོས་རྫས་མང་པོ་མེས་ཚིགས་སྟེ་གོད་ཆགས་ཚབས་ཆེ་བྱུང་འདུག
རྒྱལ་ཐང་རྫོང་དེ་ནི་རྒྱ་ནག་གིས་ཤམ་བྷ་ལ་ཞེས་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་གྱི་ས་གནས་ཞིག་ཏུ་འཕེལ་རྒྱས་ཆེན་པོ་བཏང་ཡོད་པ་དང་། ལོ་ལྟར་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཚོ་མང་པོ་ས་གནས་དེར་འགྲོ་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་ས་གནས་དེའི་ནང་མེ་སྐྱོན་སྲུང་སྐྱོབ་ཆེད་ཨ་སྒོར་ས་ཡ་ལྷག་གནས་པའི་མཐུན་རྐྱེན་བསྐྲུན་ཡོད་ལུགས་བརྗོད་བཞིན་ཡོད་ན་ཡང་། ཕྱི་ཟླ་ ༡ ཚེས་༡༡ཉིན་རྒྱལ་ཐང་རྫོང་དུ་དུས་ཡུན་ཆུ་ཚོད་བཅུ་ལྷག་མེ་བསད་མ་ཐུབ་པར་ལུས་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ས་གནས་དེའི་ནང་གི་ཡུལ་སྐོར་སྤྲོ་འཆམ་པར་དམིགས་པའི་འཕེལ་རྒྱས་ཀྱི་ལས་གཞི་མགྱོགས་ལས་ཀྱི་ཐོག་ནས་སྤེལ་བའི་འོག་མེ་སྐྱོན་སྲུང་སྐྱོབ་སོགས་བདེ་འཇགས་ཀྱི་འཆར་གཞི་ཁག་སྣང་མེད་དུ་སོང་ཡོད་སྲིད་པའི་དྭོགས་པ་བྱེད་ཀྱི་ཡོད་འདུག
ཕྱི་ལོ་༢༠༠༥ལོ་ཙམ་ནས་དེང་སྐབས་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ཁོངས་སུ་བཅུག་པའི་རྒྱལ་ཐང་རྫོང་གི་རྡོ་མཁར་གྲོང་ཞེས་པ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཞིང་། བོད་ཀྱི་ཐོུང་མ་ཡིན་པའི་ཁང་བཟོའི་བཀོད་དབྱིབས་ཀྱི་ཁྱབ་པའི་གྲོང་ཚོ་དེ་ཡུལ་འཁོར་སྤྲོ་འཆམ་གྱི་ས་གནས་གཙོ་བོ་ཞིག་ཏུ་འགྱུར་ཐབས་ཀྱི་ལས་དོན་སྤེལ་འགོ་བཙུགས་ཡོད་པ་རེད།
གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎