ཕྱིའི་གནོན་ཤུཊ་འོག་བལ་ཡུལ་བོད་མིའི་དཀའ་ངལ་ཇེ་ཆེ་ཡིན་པ།


2014.04.01
བལ་བོད་ས་མཚམས་འགྲམ་འགག་སྒོ། བལ་བོད་ས་མཚམས་འགྲམ་འགག་སྒོ།
པར། HRW

རྒྱ་ནག་གི་གནོན་ཤུགས་ལ་བརྟེན་བལ་ཡུལ་ནང་གི་བོད་མི་ཚོར་ཕྱོགས་གང་ཐད་ནས་དཀའ་ངལ་མང་པོ་འཕྲད་བཞིན་པ་རེད་འདུག

དེ་ཡང་ཚེས༡ཉིན་HRWའམ་ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་བལ་ཡུལ་ནང་གི་བོདམི་སྐྱབས་བཅོལ་བའི་གནས་སྟངས་སྐོར་ལ་སྙན་ཐོ་བཏོན་ཡོད་པ་དང་། དེའི་ནང་བལ་ཡུལ་གཞུང་ལ་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་བལ་ཡུལ་ནང་གི་བོད་མི་ཚོ་གང་བྱུང་དོ་དམ་བཀག་ཉར་དང་། ཉེས་རྡུང་། བཙན་ཤེད་ཀྱིས་བོད་དུ་ཕྱིར་ལོག་རྩིས་སྤྲོད་སོགས་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐོར་གསལ་འདོན་གནང་ཡོད་པ་རེད། སྙན་ཐོ་དེ་བཞིན་གཙོ་བོ་བལ་ཡུལ་ནང་གནས་སྡོད་བོད་མི་ཆབ་སྲིད་ལས་འགུལ་བ་དང་། གྲ་བཙུན། བོད་ནས་གསར་དུ་བྲོས་བྱོལ་དུ་འབྱོར་བ། དེ་བཞིན་བལ་ཡུལ་གཞུང་གི་མཐོ་རིམ་ལས་བྱེད་བཅས་པར་གནས་ཚུལ་འདྲི་རྩད་བྱས་པ་བརྒྱུད་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་པ་རེད། འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་ཨེ་ཤི་ཡའི་འགན་འཛིན་སྐུ་ཞབས་Brad Adamsཡིས་གསུང་དོན། རྒྱ་ནག་གི་གནོན་ཤུགས་རྐྱེན་པས་བལ་ཡུལ་གཞུང་གིས་གཞན་དབང་སྟབས་བསྟུན་བྱས་པ་བརྒྱུད་བལ་བོད་ས་མཚམས་ཁུལ་དུ་བོད་མི་བྲོས་བྱོལ་བ་བཀག་སྡོམ་བྱེད་པ་དང་། བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མིའི་ཁྲོད་ཁྲིམས་མཐུན་མ་ཡིན་པའི་དམ་བསྒྲཌ་ཀྱི་ཁྲིམས་གཞི་བཀོད་བསྡོམས་བྱེད་པ་སོགས་གནས་ལུགས་གསལ་འདོན་གནང་འདུག ད་དུང་བལ་ཡུལ་ནང་བོད་མི་ཚོའི་ངོ་རྒོལ་རྔམ་སྟོན་ལ་སོགས་པའི་ལས་འགུལ་རིགས་ལ་དམ་བསྒྲཌ་བཀག་བསྡོམས་དང་། བོད་མིའི་ཁྲོད་གསང་པའི་མྱུལ་ཞིབ་བྱེད་པ། ལྷག་པར་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གྲོས་མཐུན་ལ་རྩིས་མེད་རྡོག་རོལ་བཏང་སྟེ་བོད་ནས་བྲོས་བྱོལ་དུ་འབྱོར་བའི་བོད་མི་རྣམས་རྒྱ་ནག་ལ་ཕྱིར་སློག་རྩིས་སྤྲོད་བྱེད་པ་སོགས་དཔེ་མཚོན་དང་བཅས་ལུང་འདྲེན་གྱི་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད་འདུག འོན་ཀྱང་གོང་གསལ་སྙན་ཐོའི་སྐོར་ཕེརན་སི་གསར་ལས་ཁང་གིས་བཅར་འདྲི་བྱས་པར་བལ་ཡུལ་ནང་སྲིད་བློན་ཆེན་Shankar Prasad Koirala ཡིས་བལ་ཡུལ་གཞུང་ནས་བོད་མི་བྲོས་བྱོལ་བ་བོད་ལ་ཕྱིར་སློག་རྩིས་སྤྲོད་བྱེད་པ་སོགས་བོད་མིའི་ཐོག་སྡུག་རྩུབ་ཅན་གྱི་སྲིད་ཇུས་བཟུང་མེད་ལུགས་ལན་འདེབས་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

སྙན་ཐོ་དང་འབྲེལ་ཡོད་གློག་བརྙན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎