ཕྱི་མི་ཚོས་མིང་བཀོད་དྲ་རྒྱ་བརྒྱུད་བྱེད་ཐུབ་པའི་མཐུན་རྐྱེན།

རྒྱ་གར་བྱང་ཕྱོཊ་ཀངྒ་ར་རྫོང་གིས་ཕྱི་མི་ཚོས་མིང་བཀོད་དྲ་རྒྱ་བརྒྱུད་ལམ་ཐོག་ནས་བྱེད་ཐུབ་པའི་མཐུན་རྐྱེན་བཟོས་ཡོད་པའི་གནས་ཚུལ།

2009.12.19
༄༅༎རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལ་ཆགས་ཡུལ་ཀངག་ར་རྫོངས་ཀྱི་ཕྱི་མི་དེབ་སྐྱེལ་ལས་ཁུངས་ཀྱི་ལས་དོན་མང་དག་ཅིག་དྲ་རྒྱའི་བརྒྱུད་ལམ་ནས་བྱེད་ཐུབ་པ་བཟོས་ཡོད་འདུག
བཞུགས་སྒར་རྡ་རམ་ས་ལར་ལོ་ལྟར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོ་སླེབས་བཞིན་ཡོད་ཅིང་།སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་མུམ་བྷཡི་ནང་འཇིགས་བསྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་པའི་དོན་རྐྱེན་བྱུང་རྗེས།ཕྱི་མི་རྒྱ་གར་དུ་ཡོང་མཁན་ཚང་མས་དུས་ཐོག་ས་གནས་ཉེན་རྟོག་ལས་ཁུངས་ཀྱི་ཁྱབ་ཡོངས་ཕྱི་མི་དེབ་སྐྱེལ་ལས་ཁུངས་སུ་མིང་བཀོད་དེབ་སྐྱེལ་བྱེད་དགོས་པ་བཟོས་ཡོད་པ་དང་།རྡ་རམ་ས་ལར་ཡོང་མཁན་གྱི་ཕྱི་མི་ཡུལ་བསྐོར་སྤྲོ་འཆམ་པ་ཚོས་དྲ་རྒྱའི་ཐོག་ནས་མིང་བཀོད་དེབ་སྐྱེལ་ཐུབ་པ་བཟོས་ཡོད་འདུག
ཀངག་ར་རྫོང་གི་ཉེན་རྟོག་པའི་སྤྱི་ཁྱབ་ཨ་ཏུལ་ཕུལ་ཛི་ལི་ཡིས་རྡ་རམ་ས་ལར་ཡོང་མཁན་གྱི་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་སྒེར་པའི་ཁྱིམ་ཚང་ཁག་གི་ནང་གནས་ཚང་གཡར་ཏེ་བསྡད་ཀྱི་ཡོད་སྟབས།ས་གནས་ཉེན་རྟོག་ལས་ཁུངས་སུ་མིང་བཀོད་དེབ་སྐྱེལ་བྱེད་ཀྱི་མེད་པ་གསུངས་པ་དང་།ད་ཆ་དྲ་རྒྱའི་ལམ་ནས་དེབ་སྐྱེལ་བྱ་རྒྱུའི་མཐུན་རྐྱེན་སྦྱར་བ་དེས་མིང་བཀོད་དེབ་སྐྱེལ་བྱ་མཁན་མང་དུ་འགྲོ་རྒྱུ་དང་།དེའི་ཐོག་ནས་ཉེན་རྟོག་པ་ཚོར་ལ་ཡང་དགོས་ངེས་ཀྱི་གནས་ཚུལ་ཐོབ་རྒྱུའི་རེ་བ་གནང་གི་ཡོད་ཅེས་གསུངས་འདུག
དྲ་རྒྱ་དེའི་ཐོག་རྒྱ་གར་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོས་ཀྱང་མིང་བཀོད་དེབ་སྐྱེལ་བྱ་ཕྱོགས་ཀྱི་སློབ་སྟོན་གནས་ཚུལ་ཡང་ཡོད་པ་དང་།ཀངག་ར་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པས་གསུངས་ན།རྫོང་དེའི་ནང་གནས་སྡོད་བྱ་མཁན་བོད་མི་བརྒྱ་ཅ་དགུ་བཅུ་གོ་དགུ་ཙམ་གྱི་ཉེན་རྟོག་ལས་ཁུངས་དང་དེ་མིན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་དེབ་སྐྱེལ་ཚུལ་མཐུན་བྱས་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎