རང་ལུས་མེར་བསྲེགས་པ་ཚོར་དྲན་རྟེན་གྱི་རྡོ་བརྐོས།


2014.03.11
དྲན་རྟེན་རྡོ་བརྐོས་བཤམ་སྟོན་སྐབས་རྒྱ་མི་རིགས་ལྕམ་Qi Jia Zhengགཏམ་བཤད་གནང་བཞིན་པ། ༢༠༡༤།༣།༡༠ དྲན་རྟེན་རྡོ་བརྐོས་བཤམ་སྟོན་སྐབས་རྒྱ་མི་རིགས་ལྕམ་Qi Jia Zhengགཏམ་བཤད་གནང་བཞིན་པ། ༢༠༡༤།༣།༡༠
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

རྒྱ་མི་རིགས་བོད་དོན་རྒྱབ་སྐྱོར་བས་བོད་ནང་རང་ལུས་མེར་བསྲེགས་མཁན་ཚོར་དྲན་རྟེན་གྱི་རྡོ་བརྐོས་ཤིག་བཟོ་སྐྲུན་གནང་ཡོད་འདུག
དེ་ཡང་Australiaའི་ནང་གནས་སྡོད་བྱེད་མཁན་རྒྱ་མི་རིགས་Chen Wei Mingལགས་ཀྱིས་བོད་ནང་དུ་རང་ལུས་མེར་བསྲེགས་བཏང་མཁན་ཚོར་དྲན་རྟེན་གྱི་རྡོ་བརྐོས་ཤིག་བཟོ་བསྐྲུན་བྱས་ཡོད་པ་དང་། དེའི་འགྲོ་སོང་གཏོང་མཁན་རྒྱ་མི་རིགས་ལྕམ་Qi Jia Zhenཡིན་ཞིང་། ཚེས་༡༠ཉིན་བཞུགས་སྒར་རྡ་རམ་ས་ལའི་འགྲེམས་སྟོན་ཁང་དུ་རྡོ་བརྐོས་དངོས་སུ་བཤམས་སྟོན་བྱས་པའི་མཛད་སྒོ་ཞིག་ཚོགས་པའི་ཐོག་Qi Jia Zhen ཡིས། རྡོ་བརྐོས་དེ་བཟོ་བསྐྲུན་བྱེད་དགོས་པའི་དམིགས་ཡུལ་ནི། རྒྱ་ནག་མི་དམངས་ཀྱིས་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་བཏང་མཁན་བོད་མི་འདས་སོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་གུས་བཀུར་གྱི་མཚོན་དོན་ཞིག་ཡིན་པ་དང། བོད་ནང་དུ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་མཚམས་མི་ཆད་པར་སྤེལ་བ་དང། རང་ལུས་མེ་བསྲེགས་ཀྱི་དོན་རྐྱེན་བསྟུད་མར་ཐོན་བཞིན་པའི་འབྱུང་རྐྱེན་ནི། རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༤༩ནང་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་རིགས་དང། ཁོང་ཚོའི་རིག་གཞུང། ཆོས་ལུགས་ཐོག་ལ་དྲག་གནོན་མུ་མཐུད་བྱས་པའི་མཇུག་འབྲས་ཤིག་ཡིན་པ་དང། བོད་ནང་དུ་རང་ལུས་མེར་བསྲེགས་བཏང་མཁན་ཚོས་བོད་མི་ཚོར་རང་དབང་དགོས་པའི་དགོས་འདུན་བཏོན་པ་ལས་ཁོང་ཚོས་མི་གཞན་ལ་འཚེ་བའི་བྱ་བ་གང་ཡང་བྱས་མེད་པའི་བརྟེན་ང་ཚོ་རྒྱ་མི་རིགས་ཚོས་ཀྱང་བོད་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་བྱམས་བརྩེའི་སྤྱོད་བཟང་ལ་མིག་དཔེ་བལྟས་ནས་བསླབ་བྱ་ལེན་དགོས་པའི་གཏམ་བཤད་གནང་ཡོད་པ་རེད། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་རྡོ་བརྐོས་དེ་བཤམ་སྟོན་གྱི་རས་དར་ཕྱེ་བ་མ་ཟད། ཁོང་གིས་བོད་མི་ཚོས་བོད་དོན་བདེན་མཐའ་སེལ་ཐབས་སུ་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་དང། བོད་རྒྱ་དཀའ་རྙོག་སེལ་ཐབས་ལ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་འཁྱོངས་གནང་གི་ཡོད་པའི་སྐོར་བསྐྱར་དུ་ནན་བརྗོད་གནང་བའི་ཁར་རྒྱ་མི་རིགས་ཚོས་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བའི་གཏམ་བཤད་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎