ངལ་རྩོལ་བསྒྱུར་བཀོད་ཀྱི་མནར་གཅོད་མེད་པ་བཟོ་འཆར།

རྒྱ་ནག་ནང་གི་ངལ་རྩོལ་བསྒྱུར་བཀོད་རྭ་བ་ཞེས་བར་ཐག་གཅོད་མེད་པར་ཐ་ན་ལོ་བཞི་ཡན་ངལ་རྩོལ་བསྒྱུར་བཀོད་ཀྱི་མནར་གཅོད་གཏོང་བའི་ལམ་ལུགས་དེ་མེད་པ་བཟོ་འཆར་ཡོད་པ་རེད་འདུག

2013.01.22

དེ་ཡང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་གཞུང་འབྲེལ་མཐོ་རིམ་ཁྲིམས་ལས་པ་ཞིག་གིས་འགྲེལ་བརྗོད་བྱས་པར། རྒྱ་ནག་ནང་གི་ངལ་རྩོལ་བསྒྱུར་བཀོད་རྭ་བ་ཞེས་དུས་ཡུན་རིང་པོར་ཆབ་སྲིད་བཙོན་པ་ཚོར་ཐག་གཅོད་མེད་པར་ཐ་ན་ལོ་བཞི་ཡན་ངལ་རྩོལ་བསྒྱུར་བཀོད་ཀྱི་མནར་གཅོད་གཏོང་བའི་ལམ་ལུགས་དེ་ད་ལོ་མེད་པ་བཟོ་འཆར་ཡོད་པ་བརྗོད་འདུག རྒྱ་ནག་ནང་གི་ངལ་རྩོལ་བསྒྱུར་བཀོད་རྭ་བར་ཆབ་སྲིད་ཀྱི་ནག་ཉེས་ཕོག་པ་སོགས་ཁྱོན་ཡོངས་མི་གྲངས་༦༠༠༠༠ཡོད་པ་དང་། དེ་ཚོའི་ནང་མང་ཆེ་དུས་ཡུན་ཟླ་བ་༦་ནས་གཅིག་ལྷག་གི་རིང་བཀག་གཉེར་བྱས་རྗེས་ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་བཀག་ཉར་བྱེད་བཞིན་ཡོད་པ་རེད།      དེའི་ཐད་ད་བར་ཁྲིམས་མཐུན་ཞིག་བཟོ་དགོས་མིན་སོགས་ཀྱི་སྐོར་དགོངས་འཆར་བསྡུ་ལེན་མང་པོ་བྱས་ཡོད་པ་རེད། འོན་ཀྱང་ད་ལམ་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་པའི་འགོ་ཁྲིད་གསར་པ་ཤེ་ཅིན་ཕིན་བསྐོ་བཞག་རྗེས་ཁོང་གིས་གནད་དོན་དེ་ཚོའི་ཐད་དཀའ་ངལ་གནོན་པ་ཟེར་བའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། ངལ་རྩོལ་བསྒྱུར་བཀོད་རྭ་བ་ཞེས་པ་དེ་སྔོན་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གི་སྐབས་༡༩༥༧་ནས་འགོ་བཙུགས་ཡོད་པ་ཞིག་ཡིན་པ་དང་། མ་འོངས་རིང་མིན་སྤྱི་ཟླ་༣་པའི་ནང་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སར་ཐག་གཅོད་གཏན་འཁེལ་གནང་དགོས་རྒྱུ་ཞིག་ཀྱང་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎