རྒྱ་ནག་གིས་དྲ་ལམ་སྐད་འཕྲིན་ཐོག་དམ་དྲག་དག་ཐེར་བྱེད་རྒྱུ།


2014.05.29
བོད་མི་མཛད་སྤྱོད་པ་ཞིག་གིས་སྐད་འཕྲིན་བེད་སྤྱོད་གཏོང་བཞིན་པ། ༢༠༡༤།༣།༡༤ བོད་མི་མཛད་སྤྱོད་པ་ཞིག་གིས་སྐད་འཕྲིན་བེད་སྤྱོད་གཏོང་བཞིན་པ། ༢༠༡༤།༣།༡༤
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་སྐད་འཕྲིན་ཞེས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་མཉེན་ཆས་ལ་རྒྱ་ནག་གཞུང་གིས་དམ་དྲག་སྟངས་འཛིན་བྱེད་བཞིན་པ་རེད།
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་ཕྱོགས་ནས་ཚེས་༢༧ཉིན་ནས་བཟུང་Wechat ཞེས་དེང་སྐབས་སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་དྲ་ལམ་སྐད་འཕྲིན་གཙོས་དྲ་ལམ་འཕྲིན་ལམ་ཁག་ལ་ཟླ་གཅིག་རིང་དག་ཐེར་བྱེད་རྒྱུ་ཡིན་པ་དང་། ཐེངས་འདིར་གཙོ་བོ་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་སྤྱི་བའི་གླེང་སྟེགས་ཁག་དང་། སྐད་འཕྲིན་ཚོགས་པ་སོགས་ལ་དག་ཐེར་བྱེད་རྒྱུ་ཡིན་པ་རེད། དག་ཐེར་ལས་འགུལ་ལ་རྒྱ་ནག་གི་རྒྱལ་ཁབ་གནས་འཕྲིན་དྲ་བའི་གནས་ཚུལ་གཞུང་སྒྲུབ་ཁང་དང་། བཟོ་ལས་དང་ཆ་འཕྲིན་ལྷན་ཁང་། རྒྱ་ནག་སྤྱི་བདེ་ལྷན་ཁང་བཅས་ཀྱིས་སྣེ་ཁྲིད་བྱེད་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་། ཁ་པར་དང་དྲ་ལམ་སོགས་སྤྱི་བའི་བརྒྱུད་ལམ་སྣ་ཚོགས་བེད་སྤྱད་ནས་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་དག་ཐེར་བྱེད་རྒྱུ་དང་། དེ་མིན་དྲ་གནས་བརྒྱུད་ལམ་སྣ་ཚོགས་བརྒྱུད་རྫུན་གཏམ་དང་། དྲག་སྤྱོད་། འཇིགས་སྐུལ། བསླུ་བྲིད་། འཆལ་གཏམ་སོགས་ཁྱབ་བསྒྲགས་བྱེད་པར་རྒོལ་རྡུང་དྲག་པོ་བྱེད་རྒྱུ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་དགྲ་ཟླའི་དབང་ཤུགས་ཀྱི་ང་ཚོར་གཏོར་བརླག་བྱེད་པར་རྒོལ་རྡུང་ནན་མོ་བྱེད་རྒྱུ་ཡིན་ཞེས་རྒྱ་ནག་གི་རྒྱལ་ཁབ་གནས་འཕྲིན་དྲ་བའི་གནས་ཚུལ་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་འདུག དེ་མིན་རྒྱ་ནག་གཞུང་ཕྱོགས་ནས་སྐད་འཕྲིན་སོགས་ཁ་པར་དང་དྲ་གནས་བརྒྱུད་ལམ་ཐོ་འགོད་བྱེད་ཕྱོགས་ཐད་ཀྱང་སྔར་ལས་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་འདུག
དེ་བཞིན་ཉེ་བའི་སྤྱི་ཟླ་༣ པའི་ནང་དུའང་སྐད་འཕྲིན་གཙོས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་། ལག་ཁྱེར་ཁ་པར་གྱི་མྱུར་འཕྲིན་སོགས་ལ་“ལེགས་བཅོས་”ཞེས་འབོད་པའི་ལས་འགུལ་ཞིག་སྤེལ་ཡོད།
Wechatཞེས་བའི་སྤྱི་ཚོགས་འབྲེལ་མཐུད་མཉེན་ཆས་དེ་ནི་རྒྱ་ནག་གི་དྲ་ལམ་ཁེ་གཉེར་ཁང་ཆེ་གྲས་ Tencentཞེས་བས་གསར་བཟོ་བྱས་བ་དང་། དེ་ལ་སྤྱི་ཚོགས་འབྲེལ་གཉེན་ཆས་གཞན་དང་མི་འདྲ་བའི་བྱེད་ནུས་མང་པོ་ཡོད་པར་བརྟེན་ད་ལྟའི་ཆར་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༨༠༠ཙམ་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

2014-03-14

རྒྱ་ནག་གིས་སྐད་འཕྲིན་wechatབརྒྱུད་ལམ་ལ་དམ་དྲག་དང་མཉེན་ཆས་དེ་བེད་སྦྱོད་གཏོང་མཁན་ཁག་གཅིག་གི་སྒེར་གྱི་དྲ་བྱང་སྒོ་རྒྱབ་འདུག
དེ་ཡང་གནས་ཚུལ་ལྟར་ན། དེང་སྐབས་སྤྱི་ཚོགས་ཁྲོད་དར་ཁྱབ་ཆེ་བའི་སྤྱི་ཚོགས་འབྲེལ་མཐུད་མཉེན་ཆས་wechat ཞེས་བའི་ཐོག་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དང་། རྒྱ་ནག་ནང་མི་སྟོང་ཚོ་མང་པོས་དྲ་འབྲེལ་བྱས་ཡོད་པའི་གསར་འགོད་པ་Luo Changping སོགས་མཉེན་ཆས་དེ་བེད་སྤྱོད་གཏོང་མཁན་གྲགས་ཅན་མི་སྣ་བཅུ་གྲངས་ཞིག་གི་སྒེར་གྱི་དྲ་བྱང་སྒོ་རྒྱབ་ཡོད་པ་རེད་འདུག་ལ་དེ་ནི་རྒྱ་ནག་གི་སྲིད་བློན་Li Keqiang གིས་རྒྱལ་ས་པེ་ཅིན་ལ་ཚོཌ་པའི་རྒྱ་ནག་མི་མང་འཐུས་མི་ཚོཊ་ཆེན་ཟེར་བའི་ལོ་འཁོར་ཚོཌ་འདུ་མཇུག་བསྡོམས་བྱས་པའི་རྗེས་སུ་གསར་འགོད་ལྷན་ཚོཊ་ཤིག་བསྐོང་ཚོཌ་བྱས་པའི་ཉིན་དེར་སྒོ་རྒྱབ་པ་ཡིན་འདུག
བོད་ནང་དུ་སྐད་འཕྲིན་བརྒྱུད་ཕྱི་ལ་འབྲེལ་བྱས་བ་དང་། ༧གོང་ས་མཆོག་གི་གསུངས་དང་སྐུ་པར་གཏོང་རེས་བྱས་བས་དམ་དྲག་དང་འཛིན་བཟུང་བྱས་བའི་གནས་ཚུལ་ཡོང་བཞིན་པ་དང་། བོད་ཕྱི་ལ་ཡོད་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་སྐད་འཕྲིན་བདེ་འཇགས་ཐད་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་དར་ཁྱབ་ཆེ་བའི་བརྡ་འཕྲིན་ཚན་རྩལ་གྱི་མཉེན་ཆས་སྐད་འཕྲིན་དེ་བཞིན་རྒྱ་ནག་དང་རྒྱ་གར་གཙོས་རྒྱལ་ཁབ་མང་པོའི་ནང་བེད་སྤྱོད་གཏོང་མཁན་ཧ་ཅང་མང་པོ་ཡོད་པ་དང་། ལྷག་དོན་བོད་ཕྱི་ནང་གཉིས་སུ་བཀོལ་སྤྱོད་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། སྐད་འཕྲིན་མཉེན་ཆས་དེ་སུས་བཟོས་པ་དང་། སུས་སྟངས་འཛིན་བྱེད་ཀྱི་ཡོད་མེད་ཧ་གོ་བ་བྱས་ཏེ་རང་སྲུང་བདེ་འཇགས་ཐོག་གཟབ་ནན་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་།
རྒྱ་ནག་ནང་སྐད་འཕྲིནwechatབེད་སྤྱོད་བྱེད་མཁན་ས་ཡ་བརྒྱ་དང་ཉི་ཤུ་རྩ་གཅིག་ཙམ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་སྟོང་ཚོ་མང་པོས་ཀྱང་སྐད་འཕྲིན་wechat བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎