ཚེ་བཙོན་གྱི་ཁྲིམས་ཐག་རང་འཇག་བཞག་འདུག


2013.10.25
པོའོ་ཤེ་ལེ་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་ཆེས་མཐོའི་ཁྲིམས་ཁང་ནང་། པོའོ་ཤི་ལེ་ཡི་གྱོད་དོན་
པར་། AFP

རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཆེས་མཐོའི་ཁྲིམས་ཁང་གིས་པོའོ་ཤེ་ལེ་ཡི་གྱོད་དོན་ཐོག་འབྲིང་རིམ་ཁྲིམས་ཁང་གིས་བཅད་པའི་ཚེ་བཙོན་ཁྲིམས་ཐག་རང་འཇག་འཇོག་རྒྱུའི་ཐག་གཅོད་ཕྱིར་བསྒྲགས་བྱས་འདུག

དེ་ཡང་ཚེས་༢༥ཉིན་རྒྱ་ནག་ཧྲན་ཏུང་ཆེས་མཐོའི་ཁྲིམས་ཁང་གི་མགྲིན་ཚབ་པ་Hou Jianjun གྱིས་བརྗོད་དོན། ཧྲན་ཏུང་ཆེས་མཐོའི་ཁྲིམས་ཁང་གིས་པོའོ་ཤེ་ལེ་ཡིས་ལྐོག་ཟ་རུལ་སུངས་དང་། ལྐོག་དངུལ་བླངས་བ་། དབང་ཆ་གང་བྱུང་སྒེར་སྤྱོད་བྱས་པའི་ནག་ཉེས་འོག་ཧྲན་ཏུང་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་ཞིབ་བྱས་པ་བརྒྱུད་ཚེ་བཙོན་དང་། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུའི་ཁྲིམས་ཐག་བཅད་པ་དེ་པོའོ་ཤི་ལེ་ཡིས་ཁས་ལེན་མ་བྱས་པར་ཁྲིམས་ཁང་གོང་མར་ཞུ་གཏུགས་བྱས་པའི་གྱོད་དོན་ཐོག  ཆེས་མཐོའི་ཁྲིམས་ཁང་གིས་ འབྲིང་རིམ་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་པ་རང་འཇག་འཇོག་རྒྱུའི་ཐག་གཅོད་བྱུང་ལུགས་གསར་འགོད་ཚོར་འགྲེལ་བརྗོད་བྱས་འདུག ད་དུང་མགྲིན་ཚབ་པ་དེས་བརྗོད་དོན། པོའོ་ཤི་ལེ་ཡི་གྱོད་དོན་ཐོག་ཁྲིམས་ཞིབ་བྱེད་རྒྱུ་ད་ཐེངས་མཐའ་མ་དེ་ཡིན་པ་ཡང་བརྗོད་ཡོད་འདུག

ད་ཐེངས་པོའོ་ཤེ་ལེ་ཡི་གྱོད་དོན་ཐོག་འབྲིང་རིམ་ཁྲིམས་ཁང་གིས་ཐག་གཅོད་བྱས་པ་པོའོ་ཡིས་ཁས་ལེན་མ་བྱས་བར་ཁྲིམས་ཁང་གོང་མར་ཞུ་གཏུགས་བྱས་བ་ཡིན་པ་དང་། ཁྲིམས་ཁང་གོང་མས་ཞུ་གཏུགས་ངོས་ལེན་བྱས་ཡོད་ན་ཡང་། ཁྲིམས་ར་ཚོགས་ནས་ཁྲིམས་ཞིབ་སོགས་གང་ཡང་བྱས་མེད་པ་དང་། ཚེས་༢༥ཉིན་ཁྲིམས་རའི་ནང་མཐའ་མའི་ཐག་གཅོད་ཕྱིར་བསྒྲགས་བྱས་ཡོད་འདུག

རྒྱ་ནག་གི་ཁྲིམས་ལུགས་ལྟར་ན་། འབྲིང་རིམ་ཁྲིམས་ཁང་ནས་ཁྲིམས་བཅོད་བྱས་བར་ཁས་ལེན་མེད་ཚེ་ཁྲིམས་ཁང་གོང་མར་ཞུ་གཏུགས་རྒྱག་རྒྱུའི་དབང་ཚད་གྱོད་ཡར་ཡོད་པ་དང་། ཡིན་ཡང་ཁྲིམས་ཁང་གོང་མས་ཐག་གཅོད་བྱས་བ་གྱོད་ཡས་ཁས་ལེན་མིན་ལ་མ་བལྟོས་བར་ཁྲིམས་ཐོག་ལག་བསྟར་བྱ་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎