འབར་མས་རྒྱལ་སྤྱིའི་རོཊ་རམ་ལ་དགའ་བསུ་ཞུས་པ།

འབར་མ་ཡིས་རྒྱལ་སྤྱིའ་རོགས་རམ་ལ་དགའ་བསུ་ཞུས་ཡོད་ཀྱང་ཕྱི་རྒྱལ་རོགས་རམ་ལས་བྱེད་ཡོང་རྒྱུར་དགའ་བསུ་མེད་ཅེས་གསུངས་འདུག

2008.05.09

༄༅༎ཉེ་ཆར་འབར་མའི་ནང་དྲག་ཆར་རླུང་འཚུབ་ཀྱིས་བྱུང་བའི་གནོད་འཚེའི་ཕོག་པར་བརྟེན་ནས། པར་ཤན་མཚོ་ཁུག་ནས་ཉེན་སྐྱོབ་རོགས་རམ་གནང་མཁན་གྱི་གནམ་གྲུ་ཞིག་འབར་མའི་ས་ཐོག་ཏུ་འབྱོར་ཡོད་ཀྱང་འབར་མའི་རྒྱལ་ཁབ་ཀྱིས་ཕྱིར་ལོག་བཏང་བ་མ་ཟད། ད་རིང་འབར་མའི་ཕྱི་སྲིད་བློན་ཆེན་གྱིས་ཁོང་གི་རྒྱལ་ཁབ་ལ་རྒྱལ་སྤྱིིའི་རོགས་རམ་གནང་རྒྱུར་དགའ་བསུ་ཡོད་ཀྱང་ཕྱི་རྒྱལ་གྱི་རོགས་

རམ་ལས་བྱེད་པ་འབར་མའི་ནང་ཡོང་རྒྱུར་དགའ་བསུ་མེད་ཅེས་གསུངས་ཡོད་པ་རེད། དེ་ཡང་འབར་མའི་ཕྱི་སྲིད་བློན་ཆེན་གྱིས་གཞུང་གི་གསར་ཤོག་ཅིག་གི་ཐོག་གསལ་བསྒྲགས་སྤེལ་བའི་ནང༌། ད་ལྟའི་དུས་སྐབས་དེར་འབར་མའི་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་ཉེན་སྐྱོབ་རུ་ཁག་དང་དྲིལ་བསྒྲགས་རུ་ཁག་འབར་མའི་ནང་ཕེབས་རྒྱུར་དགའ་བསུ་ཞུ་བའི་དུས་ཚོད་ཞིག་མིན་པ་དང༌། ཡིན་ནའང་ད་ལྟའི་དུས་སྐབས་དེ་ནི་འབར་མའི་ས་ཁུལ་ཁག་ནང་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པའི་མི་དམངས་ཚོར་ཟ་འབྲུ་དང་སྨན་བཅོས་སོགས་དངོས་ཟོག་གི་ཛ་དྲག་རོགས་རམ་དགོས་གལ་ཆེ་བའི་དུས་ཚོད་ཅིག་ཡིན་པའི་སྐོར་གསུངས་ཡོད་པ་རེད། པར་ཤན་མཚོ་ཁུག་གི་རོགས་རམ་གནམ་གྲུ་དེ་ནི་རྒྱལ་སྤྱིའི་རོགས་རམ་གནམ་གྲུ་ ༡༢ ནང་ནས་གཅིག་ཡིན་ཞིང་། རེས་གཟའ་ཕུར་བུའི་ཉིན་འབར་མའི་དེ་སྔའི་རྒྱལ་ས་རྙིང་པར་བབས་ཡོད་ཀྱང་འབར་མའི་དྲག་པོའི་གཞུང་གིས་ཕྱིར་ལོག་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་དྲག་པའི་གཞུང་ལ་འབྱུང་བའི་གོད་ཆགས་ཚབས་ཆེ་དེས་རྐྱེན་པས་མི་དམངས་བཀྲེས་ལྟོག་གི་མནར་བཞིན་པ་དང་། ནད་ཡམས་ཀྱི་དཀའ་སྡུག་མྱོང་བཞིན་པ་རྣམས་འཚོ་གནས་ཐུབ་ཐབས་ཀྱི་ཆེད་དུ་རྒྱལ་སྤྱིའི་ཆེད་ལས་མི་སྣ་རོགས་རམ་ཆེད་དུ་འབར་མའི་ནང་འགྲོ་བསྐྱོད་བྱེད་དུ་བཅུག་དགོས་པའི་གནོན་ཤུགས་སྤྲད་པ་ངོས་ལེན་བྱེད་ཀྱི་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎